R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༡༠
[A:༢༡༠]བར་སྣང་ངོ༌། །ལྔ་པ་རིགས་ཀྱི་བཀའ་ཉན་ཕོ་ཉ་ཕོ་མོ་ནི། འཕགས་པ་ཕྱིར་བཟློག་པ་སྟོབས་ཆེན་ཞེས་བྱ་བའི་གཟུངས། ལྷ་མོ་དཔལ་ལུང་བསྟན་པའི་མདོ། ལྷ་མོ་སྒྲ་དབྱངས་ལ་བསྟོད་པ་སྔགས་དང་བཅས་པ། འཕགས་པ་དཔལ་ཆེན་མོའི་མདོ། དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། མཆོག་ཐོབ་པའི་རིག་སྔགས་ཞེས་བྱ་བ་ལྷ་མོ་དུང་ཅན་མའི་སྙིང་པོ་རྣམས་སོ། །གསུམ་པ། རྡོ་རྗེའི་རིགས་ཀྱི་རྒྱུད་ཀྱི་སྐོར་ལ། རིགས་ཀྱི་གཙོ་བོ་དང༌། རིགས་ཀྱི་བདག་པོ་དང༌། རིགས་ཀྱི་ཡུམ་དང༌། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང༌། རིགས་ཀྱི་ཕོ་ཉ་དང༌། ཕྱག་བརྙན་ཕོ་མོ་དང་ལྔའི་དང་པོ་ལ། ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བ་ཞེས་བྱ་བ་མི་འཁྲུག་པའི་གཟུངས། འདི་བླ་མ་དག་རྡོ་རྗེ་རིགས་ཀྱི་གཙོ་བོར་བཞེད་དོ། །གཉིས་པ་རིགས་ཀྱི་བདག་པོ་ཕྱག་རྡོར་གྱི་རྒྱུད་ལ། རྡོ་རྗེ་ས་འོག་གི་རྒྱུད་ལེའུ་བཅོ་ལྔ་པ། པཎྜི་ཏ་དེ་བཞིན་གཤེགས་པའི་དཔལ་དང༌། ཆོས་རྗེ་ས་སྐྱ་པའི་འགྱུར། འདིའི་བརྒྱུད་པ་ཕུར་པ་རྩ་དུམ་དང་མཐུན་ནོ། །ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད། འདིའང་ཅུང་མ་རྫོགས་པ་འདྲའོ། །འདིའི་བརྒྱུད་པ་དམ་ཚིག་གསུམ་བཀོད་དང་མཐུན་ནོ།། ༈ །།ན་པ་ལ། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རིམ་པར་ཕྱེ་བ་གཉིས་པ། པཎྜི་ཏ་བུདྡྷ་ཀཱ་ར་ཝརྨྨ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་དང་བཅས་པའི་གཟུངས། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་བནྡྷེ་ཀླུའི་དབང་པོའི་འགྱུར། ལག་ན་རྡོ་རྗེ་གོས་སྔོན་པོའི་མཚན་བརྒྱ་རྩ་བརྒྱད་པ་འདི་རིག་མཆོག་གཞན་གཅིག་ནས་ཕྱུང་བ་འདྲའོ། །ལག་ན་རྡོ་རྗེ་སྙིང་པོ་བརྒྱད་ཀྱི་ཡ་གྱལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་