R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༠༦
[A:༢༠༦]བྱ་བའི་གཟུངས། གཟའ་ཡུམ་འགྱུར་མི་འདྲ་ཙམ་པ་གཉིས། ནོར་གྱི་རྒྱུན་གྱི་གཟུངས། ནོར་རྒྱུན་མའི་རྟོག་པ། ཚོགས་ཀྱི་བདག་པོའི་སྙིང་པོ། ཚོགས་བདག་གི་རྒྱུད་ལེའུ་བཅོ་ལྔ་པ། ཇོ་བོ་རྗེ་དང༌། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་འགྱུར། ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་ཕུར་བུ་འོད་ཀྱི་འགྱུར། དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས། འཕགས་པ་ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ་ཞེས་བྱ་བ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། དཔལ་ལྷ་མོ་ལ་བསྟོད་པའི་རྒྱུད། ལྷ་མོ་ནག་མོའི་མཚན་བརྒྱད་པ། དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་བཀོད་ནས། གཉིས་པ་པད་མའི་རིགས་ཀྱི་རྒྱུད་བཀོད་ན། རིགས་ཀྱི་གཙོ་བོ་དང༌། རིགས་ཀྱི་བདག་པོ་དང༌། རིགས་ཀྱི་ཡུམ་དང༌། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང༌། རིགས་ཀྱི་བཀའ་ཉན་ཕོ་མོའི་རྒྱུད་དང་ལྔའི་དང་པོ་ལ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཨོཾ་གསུམ་བྱས་པ་བར་ན་པཎྱ་ཡོད་པ་གཅིག་དང༌། ཨོཾ་གཉིས་བྱས་པ་བར་ན་པུཎྱེ་མེད་པ་གཅིག་སྟེ་ཆ་གཉིས། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྙིང་པོ་འཆི་མེད་རྔ་སྒྲའི་གཟུངས། པཎྜི་ཏ་ཤཱུ་ནྱ་ཏཱ་སཾ་བྷ་བ་དང༌། པ་ཚབ་ཉི་མ་གྲགས་ཀྱི་འགྱུར། སྣང་བ་མཐའ་ཡས་ཀྱི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས། ཡོན་ཏན་སྔགས་པ་དཔག་ཏུ་མེད་པའི་གཟུངས། བདེ་ལྡན་གྱི་སྙིང་པོ་འདི་རྣམས་སྔགས་དང་སྟོན་པ་པོའི་མཚན་ཉིད་ལ་དཔྱད་ན། དེ་བཞིན་གཤེགས་པའི་རིགས་སུ་གསལ་ཡང༌། བླ་མ་དག་འོད་དཔག་མེད་པད་མའི་རིགས་ཀྱི་གཙོ་བོར་བཞེད་དོ། །གཉིས་པ་རིགས་ཀྱི་བདག་པོ་འཁོར་ལོས་བསྒྱུར་བ། སྤྱན་རས་གཟིགས་ཀྱི་རྒྱུད་ལ། སྤྱན་རས་གཟིགས་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པད་མོ་དྲྭ་བ་