R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༠༥
[A:༢༠༥]སོའི་རྒྱུད། རང་བྱུང་བ་ཡིན་ན་སེམས་དཔའི་ཁོངས་སུ་གཏོགས་པས་བརྟག་པར་བྱའོ། །འདིར་རེ་ཞིག་སེམས་དཔའི་དབང་དུ་བྱས་སོ། །འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་སྙིང་པོ་དང་བཅས་པ། བྱམས་པས་དམ་བཅས་པའི་གཟུངས། འཕགས་པ་དཀྱིལ་འཁོར་བརྒྱད་པའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཡེ་ཤེས་སྡེའི་འགྱུར། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས། ཡི་དྭགས་ཁ་ནས་མེ་འབར་བ་ལ་སྐྱབས་མཛད་པའི་གཟུངས། ཡི་དྭགས་ཁ་ནས་མེ་འབར་མ་ལ་དབུགས་དབྱུང་བའི་གཟུངས། ཡེ་ཤེས་སྐར་མདའི་སྙིང་པོ། འདི་བཞི་བྱང་སེམས་ཁོ་ནའི་རིགས་སུ་ངེས་པ་མེད་ཀྱང༌། བྱང་ཆུབ་སེམས་དཔའི་བྱ་བ་ཡིན་པས་བྱང་སེམས་ཀྱི་རིགས་སུ་བཀོད་དོ། །ཤེས་རབ་བསྐྱེད་པའི་གཟུངས། ཐོས་པ་འཛིན་པའི་གཟུངས། འཕགས་པ་རྒྱལ་བའི་བླ་མའི་གཟུངས། རྒྱས་པ་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་པའི་གནས་གཙང་མའི་ལྷ་ལ་སོགས་པ་ལ་མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་ཛཱི་ན་མི་ཏྲ་དང༌། པྲ་ཛྙཱ་ཝརྨྨ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་གཟུངས། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། པྲ་ཛྙཱ་ཝརྨྨ་དང༌། ཡེ་ཤེས་སྡེའི་འགྱུར། གེགས་སེལ་བ་ཞེས་བྱ་བའི་གཟུངས། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང༌། ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ་ཞེས་བྱ་བ། པཎྜི་ཏ་ཛི་ན་མི་ཏྲ་དང༌། པྲ་ཛྙཱ་ཝརྨྨ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། སྤྲིན་ཆེན་པོའི་མདོ་ལས་ཆར་དབབ་པ་ཞེས་བྱ་བ་ལེའུ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ། འཕགས་པ་སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཞེས་