R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༠༧
[A:༢༠༧]ཞེས་བྱ་བ་ལེའུ་བཅུ་གཉིས་པ། པཎྜི་ཏ་སོ་མ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཀྱུ་ར་ཚུལ་ཁྲིམས་འོད་ཟེར་གྱི་འགྱུར། འདི་ལ་དཀྱིལ་འཁོར་ཉི་ཤུ་རྩ་བདུན་དུ་བྱས་སོ། །བརྒྱུད་པ་ནི། པཎྜི་ཏ་དྷརྨྨ་ཤྲཱི་བྷ་དྲ་དང༌། འགར་ལོ་ཙཱ་བ། གླན་སྟོན་ཤེས་རྒྱལ། དབབ་བྱང་སེམས། དམར་སྟོན། ཡེ་སྟོན་དར་ཡེས། ཆོས་དབང༌། ལོ་མཆོག ལོ་ཆེན། གར་ཐིག་པ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ།། ༈ །།ཐ་པ་ལ། འཕགས་པ་དོན་ཡོད་ཞགས་པའི་བསྒྱུར་འཕྲོ་བམ་པོ་ཉི་ཤུ་རྩ་བཞི་ཚང་བ་བཞུགས། དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། པཎྜི་ཏ་ཨ་མོ་གྷ་བཛྲ་དང༌། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། འདི་ཆོ་ག་ཞིབ་མོའི་འགོ་ན་ཡོད་པའི་སྙིང་པོ་དང་སྤྱིར་འདྲ་བ་ལ། སྔགས་ལ་མང་ཉུང་ཁྱད་ཆེ་བར་སྣང་ངོ༌། །དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་ནི།
གསན་ཡིག་ན། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས་བློ་ལྡན་ཤེས་རབ་ཀྱི་འགྱུར་ཞེས་པ་དང་གཅིག་གམ་བཏག དཀར་ཆག་ན་སོ་སོ། མི་ཅིག་ན་ལུང་མ་ཐོབ་བོ
།། སྔར་གྱི་གཟུངས་ལས་སྙིང་པོ་ལོགས་སུ་བཀོལ་ནས་ཁྲུས་ཆོག་བྱེད་ཚུལ་དང་བཅས་པ་བོད་ཀྱི་ལོགས་སུ་ཕྱུང་བར་སྣང་ངོ༌། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་མིག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ་འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེན་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས། མགོས་ཆོས་གྲུབ་ཀྱི་རྒྱའི་དཔེ་ལས་བསྒྱུར་བ། འདི་སྔ་མ་དང་གཉིས་འདྲ་ལ་མིང་འདྲ་ཅིག་སྣང་ངོ༌། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསང་བའི་མཛོད་ཐོགས་པ་མེད་པ་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོའི་ལེའུ་དྲུག་པ། བནྡྷེ་ཆོས་གྲུབ་ཀྱི་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་