R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༠༡
[A:༢༠༡]ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། བནྡྷེ་ཡེ་ཤེས་བསྒྱུར་བ། འཕགས་པ་ཡི་གེ་དྲུག་པའི་རིག་སྔགས། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གཟུངས། སྟོང་ཕྲག་ཉི་ཤུ་ལྔ་པའི་གཟུངས། འཕགས་པ་བརྒྱད་སྟོང་པའི་གཟུངས། ཕར་ཕྱིན་དྲུག་གི་སྙིང་པོའི་གཟུངས། ཕར་ཕྱིན་ཐོབ་པར་འགྱུར་བའི་གཟུངས། ཕར་ཕྱིན་བཅུ་ཐོབ་པར་འགྱུར་བའི་གཟུངས། ཚད་མེད་བཞི་ཐོབ་པར་འགྱུར་བའི་གཟུངས། ཕར་ཕྱིན་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་བའི་གཟུངས། སྡོང་པོ་བཀོད་པ་གཟུང་བར་འགྱུར་བའི་གཟུངས། ཏིང་ངེ་འཛིན་གྱི་རྒྱལ་པོ་གཟུང་བར་འགྱུར་བའི་གཟུངས། རྨ་བྱ་ཆེན་མོ་གཟུང་བར་འགྱུར་བའི་གཟུངས། སོ་སོར་འབྲང་བ་ཆེན་མོ་གཟུང་བར་འགྱུར་བའི་གཟུངས། ལང་ཀར་གཤེགས་པའི་མདོ་ཐམས་ཅད་ཀླགས་པར་འགྱུར་བའི་གཟུངས་སོ། །འདི་རྣམས་གཞན་གྱི་ནང་ནས་བསྡུས་པར་སྣང་སྟེ། གང་ནས་བཏུས་པ་དེའི་ཁོངས་སུ་གཏོགས་པར་ཤེས་པར་བྱའོ། །ཡུམ་གྱི་སྐབས་འདི་ཚོ་ཉེ་བར་གཟུང་ནས་གཞག་གི ཁྲོ་མོ་དང༌། ཕོ་ཉ་མོར་ཅི་རིགས་པ་ཡོད་པར་བལྟའོ། །བཞི་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་ལ་འགྲེལ་པས་དཀྱིལ་འཁོར་བཞིར་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་བཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། པཎྜི་ཏ་པ་ར་ཧེ་ཏ་དང༌། ལོ་ཙཱ་བ་ཟུ་དགའ་བའི་རྡོ་རྗེའི་འགྱུར། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་གཟུངས། ཡང་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་