R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༣
[A:༡༩༣]གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་ནི་མི་གཡོ་བའི་སྟོབས་དཔག་ཏུ་མེད་པ་བརྟུལ་ཕོད་པ་འདུལ་བར་གསུངས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། པཎྜི་ཨུ་པ་ཤ་མ་རཀྵི་ཏ་དང༌། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར་འདི་ལ་དཀྱིལ་འཁོར་གསུམ་ཙམ་ཡོད་ཅིང༌། རྣམ་སྣང་མངོན་བྱང་དང་ཆ་མཐུན་པར་ཡོད་པས་སྤྱོད་པའི་རྒྱུད་དོ། །པད་མའི་རིགས་ཀྱི་རྒྱུད་ནི་མ་རྙེད་དོ། །གསུམ་པ། རྡོ་རྗེའི་རིགས་ཀྱི་རྒྱུད་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུམ་བུ་གསུམ་པ་འོག་མིན་དུ་གསུངས་པ་དང༌། གྲོང་ཁྱེར་དཔལ་ཡོན་འབྱུང་བའི་གནས་སུ་གསུངས་པ་གཉིས། བམ་པོ་བཅུ་གཉིས་པ། པཎྜི་ཏ་ཤྲཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ལ་དཀྱིལ་འཁོར་བཞི་ཡོད་ཅིང༌། ད་དུང་ཅུང་མ་རྫོགས་པ་འདྲའོ།། ༈ །།ཇ་པ་ལ། ལྷ་མོ་བརྒྱད་ཀྱི་གཟུངས། འདི་ལ་དཀྱིལ་འཁོར་གཉིས་ཡོད་ཅིང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་སྐབས་ནས་ཕྱུང་པ་འདྲའོ། །ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལེའུ་བཅུ་གསུམ་པ། པཎྜི་ཏ་ཙི་ལུ་དང༌། ལོ་ཙཱ་བ་ཟངས་དཀར་བ་འཕགས་པ་ཤེས་རབ་ཀྱི་འགྱུར། འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཨཱོ་ཙཱརྻ་དམར་པོ། སོག་ཚུལ་ཁྲིམས་བླ་མ། ཡེ་ཤེས་འབར། ཞང་ཆོས་གྲགས། ཇོ་བཙུན་སངས་རྒྱས། རིག་སྔགས་རྡོ་རྗེ། ཆོས་སྒོང་པ་སྐྱེ་མེད། ཆོས་རྒྱལ། གཟི་བརྗིད་རྒྱལ་མཚན། མཐའ་དོང་པ། ཞང་བློ་རིན། བསོད་སེང༌། གར་ཐིག་པ། བཀའ་བཅུ་པ། སྤྲུ་སྟོན། མཁན་ཆེན་ཤེས་རྡོར་མན་གོང་བཞིན་ནོ། །རྡོ་རྗེ་ས་འོག་གི་རྒྱུད་ལེའུ་བདུན་པ་ནི། པཎྜི་ཏ་དཱི་པཾ་ཀཱ་ར་དང༌། ལོ་ཙཱ་བ་བྱའི་གདོང་ཅན་གྱིས་འགྱུར། འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟངས་སྙིང་པོ། རིན་ཆེན་རྡོ་རྗེ། བྲམ་ཟེ་སདྫ་