R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༨
[A:༡༨༨]དགུ་པ། པཎྜི་ཏ་ར་ཧཱུ་ལ་ཤྲཱི་བྷ་དྲ་དང༌། ཤོངས་བློ་བརྟན་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་བཅུ་ཡོད་དོ། །བརྒྱུད་པ་ནི། སངས་རྒྱས། མཉྫུ་ཤྲཱིཿ རཏྣ་ཤྲཱི། ཤཱཀྱ་ཤྲཱིཿ བྷུ་མི་ཤྲཱིཿ འགྲོ་མགོན་འཕགས་པ། ཆག་ལོ། ལོ་ཙཱ་བ་གྲགས་རྒྱལ། ལོ་མཆོག བློ་ཆེན། གར་ཐིག་པ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །གསུམ་པ། རིན་པོ་ཆེའི་རིགས་ཀྱི་རྒྱུད་ནི་མ་རྙེད་དོ། །བཞི་པ། པད་མའི་རིགས་ཀྱི་བརྒྱུད་ནི། བཅོམ་ལྡན་འདས་རལ་པ་གཅིག་པའི་བརྟག་པ་རྒྱུད་ཀྱི་རྒྱལ་པོ། པཎྜི་ཏ་ར་ཧཱུ་ལ་ཤྲཱི་དང་ཁྲོ་ཕུ་ལོ་ཙཱ་བའི་འགྱུར། འདི་ལ་རྒྱུད་ནས་དཀྱིལ་འཁོར་གཅིག་གསལ། མི་ཕམ་སྦས་པའི་བཤེས་གཉེན་གྱིས་གཉིས་སུ་བཀྲལ་ལོ། ༈ །ལྔ་པ་ལས་ཀྱི་རིགས་ཀྱི་རྒྱུད་ནི་མ་རྙེད་དོ། །དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱི་རྒྱུད་ལ། ཟླ་གསང་ཐིག་ལེ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དམ་ཚིག་དཀྱིལ་འཁོར་ཆེན་པོ་རྒྱས་པ་མཆོག་ཏུ་གསང་བའི་རྒྱུད། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འདི་ལ་དཀྱིལ་འཁོར་ལྔ་ཡོད་དོ། །བརྒྱུད་པ་སངས་རྒྱས་མཉམ་སྦྱོར་དང་འདྲའོ། ༈ །གཉིས་པ་རྣལ་འབྱོར་རྒྱུད་ལ་ཐབས་གཙོ་བོར་སྟོན་པ་དང༌། ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་གཉིས་ཀྱི་དང་པོ་ལ། རྩ་བའི་རྒྱུད། བཤད་པའི་རྒྱུད། འཕྲོས་པའི་ཆ་མཐུན་པའི་རྒྱུད་དང་གསུམ་གྱི་དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ། རིགས་ལྔ་རིགས་བཞིར་བསྡུས་ནས་མཉམ་པར་སྟོན་པ། རྩ་བའི་རྒྱུད་དུམ་བུ་བཞི། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། རྒྱུད་ཉེ་བར་བསྡུས་པ་དང་བཅས་པ་འདི་ལ་དཀྱིལ་འཁོར་ཉིས་བརྒྱ་དང་བཅུ་གསུམ་ཡོད་དོ། །བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། སྭ་སྟི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲ་ཛྙཱ་སིདྡྷི། ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ་པ། རབ་