R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧༦
[A:༡༧༦]ར། འབྲོག་མི། ཚུར་དབང་ངེ༌། སྤུག་ཐམས་ཅད་མཁྱེན་པ། སྤུག་དྷརྨྨ་ཀེ་ཏུ། བྱ་རིན་ཆེན་འོད། བླ་མ་སངས་རྒྱས་སྲས། སློབ་དཔོན་དཀོན་མཆོག་ཤེས་རབ། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་མན་འདྲ། སྙོག་པ་མེད་པའི་རྒྱུད། ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། བརྒྱུད་པ་གོང་དང་འདྲ། ཡང་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་གསུམ་པ། པཎྜི་ཏ་ཛྙཱ་ན་བཛྲས་རང་འགྱུར་དུ་མཛད་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཅེས་བྱ་བ། རྩ་རྒྱུད་ལེའུ་བཅུ་གསུམ། རྒྱུད་ཕྱི་མ་ལེའུ་གཉིས་དང་བཅས་པ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའི་བརྒྱུད་པ་ནི། གོང་གི་ཕག་མོ་མངོན་པར་བྱང་ཆུབ་དང་འདྲའོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་པ། ལོ་ཙཱ་བ་ཁེ་གད་པ་འཁོར་ལོ་གྲགས་ཀྱི་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་དྲིལ་བུ་པ། ཡན་ལག་མེད་པའི་རྡོ་རྗེ། དགའ་བའི་རྡོ་རྗེ། རྡོ་རྗེ་གདན་པ། ཨ་བྷྱ་ཀ་ར། རྩ་མི་སངས་རྒྱས་གྲགས། དཔལ་རྒྭ་ལོ། ཁམས་པ་དགེ་སློང་ཤེས་རྒྱལ། གཟེ་བ་དོན་གྲུབ། ཁམས་པ་གཡག་སྡེ་བ། ཕྱུག་པོ་ཆོས་གྲགས། ཁམས་པ་བྱང་ཆུབ་དཔལ། བླ་མ་གཞོན་ནུ་དར། བླ་མ་རྒྱལ་མཚན། རྡོ་རྗེ་མགོན། ཤྲཱི་རི་པ་གཞོན་ནུ་རྒྱལ་མཚན། རིན་པོ་ཆེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། ༈ །གཉིས་པ། ཀྱཻ་རྡོ་རྗེའི་སྐོར་ལ། རྩ་བའི་རྒྱུད། བསྡུས་པའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། བཤད་པའི་རྒྱུད། སྙིང་པོའི་རྒྱུད། འབྲས་བུའི་རྒྱུད་བདུན་གྱི་དང་པོ། རྩ་བའི་རྒྱུད་ཀྱཻ་རྡོ་རྗེ་འབུམ་ཕྲག་ལྔ་པ་ལས་བསྡུས་པའི་ཀྱཻ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། བརྟག་པ་དང་པོ་ལ་ལེའུ་བཅུ་གཅིག་པ། བརྟག་པ་གཉིས་པ་ལེའུ་བཅུ་གཉིས་པ། པཎྜི་ཏ་ག་ཡ་དྷ་ར་