R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧༥
[A:༡༧༥]རྒྱལ་པོ། དཔལ་ནམ་མཁའ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ། རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དམ་ཚིག་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་རྣམས་སོ། །གཉིས་པ་གསུང་གི་རྒྱུད་ལ། དཔལ་སྟོབས་པོ་ཆེའི་རྒྱུད་ལེའུ་ལྔ་པ། པཎྜི་ཏ་ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། ཡེ་ཤེས་གསང་བའི་རྒྱུད། ཡེ་ཤེས་ཕྲེང་བའི་རྒྱུད། ཡེ་ཤེས་འབར་བའི་རྒྱུད། ཟླ་བའི་ཕྲེང་བའི་རྒྱུད། རིན་ཆེན་འབར་བའི་རྒྱུད། དེ་རྣལ་འབྱོར་མ་ཟླ་བའི་ཕྲེང་བ་དང༌། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཉི་མའི་འཁོར་ལོའི་རྒྱུད། ཡེ་ཤེས་རྒྱལ་པོའི་རྒྱུད་རྣམས་སོ། །སྐུའི་རྒྱུད་བརྒྱད་ནི། མཁའ་འགྲོ་མ་གསང་བའི་རྒྱུད། གསང་བ་མེ་འབར་གྱི་རྒྱུད། གསང་བ་བདུད་རྩིའི་རྒྱུད། དུར་ཁྲོད་བརྒྱན་གྱིས་རྒྱུད་རྣམས། ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། རྡོ་རྗེ་རྒྱལ་པོའི་རྒྱུད། ཙནྡྲ་མཱ་ལེ་དང༌། འབྲོག་མིའི་འགྱུར། ཡེ་ཤེས་གསང་བའི་རྒྱུད། ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། ཆགས་པའི་རྒྱལ་པོའི་རྒྱུད། རྣལ་འབྱོར་མ་རཏྣ་མཱ་ལེ་དང༌། འབྲོག་མིའི་འགྱུར། མཁའ་འགྲོ་མ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ། བཞི་པ་འཕྲོས་པའི་རྒྱུད་བརྒྱད་ནི། མེའི་ཕྲེང་བ། རྡོ་རྗེ་མཁའ་འགྲོ་མ་གསང་བའི་རྒྱུད། རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད། སྟོབས་པོ་ཆེ་ཡེ་ཤེས་རྒྱལ་པོའི་རྒྱུད། ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། རྡོ་རྗེ་གྲུབ་པ་དྲྭ་བ་སྡོམ་པའི་རྒྱུད། ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། སྐུ་གསུང་ཐུགས་ཀྱི་སྙིང་པོ་དོན་གྱི་རྒྱུད། རྗེ་བཙུན་ཆ་རུ་བ་དང༌། སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། དུར་ཁྲོད་ཀྱི་རྒྱན་སྨད་དུ་བྱུང་བའི་རྒྱུད། གཱ་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། དེ་རྣམས་ཀྱི་སྟེང་དུ་སྙོག་པ་མེད་པའི་རྒྱུད་བསྣན་པས་འཕྲོས་རྒྱུད་དུ་འདོད། དེ་ལྟར་རྭ་ལི་སོ་གཉིས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ལཱུ་ཧི་པ། ཏཻ་ལོ་པ། ནཱ་རོ་པ། དྷ་ར་ཤྲཱིཿ ག་ཡ་དྷ་