R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧༧
[A:༡༧༧]དང༌། ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་དྲུག་ཡོད་དོ། །གཉིས་པ། དེའི་ཐུན་མོང་མ་ཡིན་པའི་བཤད་རྒྱུད། མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བ་ལེའུ་བཅོ་ལྔ་པ་འགྱུར་བྱང་སྔ་མ་དང་འདྲའོ། །འདི་ལ་དངོས་སུ་དཀྱིལ་འཁོར་བཅུ་གཙོ་བོ་འཕོ་བའི་དབྱེ་བས་དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །རྩ་བཤད་འདི་གཉིས། ཕ་ཆོས་ཀྱི་རྗེ་ལས་ཐོབ་པའོ། །དེ་གཉིས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོཾ་བྷི་བ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་རྒྱལ་བ་དཔལ་གྱི་ཡེ་ཤེས། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། འབྲོག་མི་ཤཱཀྱ་ཡེ་ཤེས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་སྙིང༌། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་མདོ་དཔལ། འཇམ་སྐྱ། བླ་མ་དཔལ་ལྡན་སེང་གེ བླ་མ་བསོད་རྒྱལ། མཁན་ཆེན་ཤེས་རྡོར་བ་ནས་གོང་བཞིན་ནོ། །གསུམ་པ། རྒྱུད་ཕྱི་མ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཞེས་བྱ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ཉི་ཤུ་རྩ་བརྒྱད་པ། པཎྜི་ཏ་ཤེས་རབ་གསང་བ་དང༌། ལོ་ཙཱ་བ་སྐམ་ཆོས་ཀྱི་ཡེ་ཤེས་དང༌། ཕྱུགས་འཚམས་དགྲ་བཅོམ་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་གཅིག་སྟོན་ནོ། །བཞི་པ་དེའི་རྒྱུད་ཕྱི་མའི་ཕྱི་མ་ཡེ་ཤེས་སྙིང་པོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་བཞི་པ། དཔལ་ཤེས་རབ་གསང་བའི་རང་འགྱུར་རོ། །འདིས་དཀྱིལ་འཁོར་གཅིག་སྟོན་ནོ། །ལྔ་པ་བཤད་པའི་རྒྱུད་དཔལ་ཡེ་ཤེས་ཐིག་ལེའི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་སུམ་ཅུ་པ། དཔལ་ཤེས་རབ་གསང་བའི་རང་འགྱུར་རོ། །འདིས་དཀྱིལ་འཁོར་ལྔ་སྟོན་ནོ། །དྲུག་པ་སྙིང་པོའི་རྒྱུད་གྲུབ་པ་ངེས་བསྟན་ནི་མ་རྙེད་དོ། །བདུན་པ་འབྲས་བུའི་རྒྱུད། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ། དཔལ་ཤེས་རབ་གསང་བའི་རང་