R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧༤
[A:༡༧༤]ནམས་སེང་གེ སངས་རྒྱས་འབུམ། སངས་རྒྱས་སྲས། བློ་ཆེན། བདེ་བ་ཅན་པ་ཡེ་མགོན། གྲགས་འབུམ། སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རྡོར་མན་འདྲའོ། ༈ །ཕག་མོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་བཤད་པའི་རྒྱུད། རྒྱ་གར་གྱི་མཁན་པོ་ཛྙཱ་ནཱ་ཀ་རཱི་ཞལ་སྔ་ནས་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་གསུམ་ཡོད། བརྒྱུད་པ། རྣལ་འབྱོར་མ་བཞི་ཁ་སྦྱོར་དང་འདྲའོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ལས་ཕྱུང་བའི་རིག་པ་འཛིན་མ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། པཎྜི་ཏ་ཛ་ཡ་སེ་ན་དང༌། ལོ་ཙཱ་བ་དར་མ་ཡོན་ཏན་གྱི་འགྱུར། འདི་མཻ་ཏྲི་མཁའ་སྤྱོད་ཀྱི་རྒྱུད་ཡིན།། ༈ །གཉིས་པ་ནི། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དཔལ་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྩ་བའི་རྒྱུད་བརྟག་པ་བཅུ། བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞི་ཡོད་པ། འདི་ལ་དངོས་སུ་དཀྱིལ་འཁོར་བཅུ་དྲུག་ཡོད་ཅིང་གཙོ་བོ་འཕོ་བའི་དབྱེ་བས་མང་པོར་འགྱུར་རོ། །དེའི་རྒྱུད་ཕྱི་མ་དང་བཅས་པ། ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། འདི་རྒྱུད་སྡེ་མང་པོའི་བཤད་རྒྱུད་ཡིན་ཅིང༌། ཁྱད་པར་བདེ་མཆོག་གི་བཤད་རྒྱུད་དོ། །འདིའང༌། ཕ་ཆོས་ཀྱི་རྗེ་ལས་ཐོབ་པས། བརྒྱུད་པའང་བརྟག་གཉིས་དང་མཐུན་ནོ།། ༈ །ག་པ་ལ། བདེ་མཆོག་གི་བཤད་རྒྱུད་དུ་འདོད་པའི་རྩོད་པ་ཅན་རྭ་ལིའི་སྐོར་ལ། ཐུགས་ཀྱི་རྒྱུད་བརྒྱད། གསུང་གི་རྒྱུད་བརྒྱད། སྐུའི་རྒྱུད་བརྒྱད། ཁ་འཐོར་གྱི་རྒྱུད་བརྒྱད་དེ་དུམ་བུ་སོ་གཉིས་སུ་བཞེད་པ་ལས། དང་པོ་ལ། གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་པ། པཎྜི་ཏ་རཏྣ་བཛྲ་དང༌། འབྲོག་མིའི་འགྱུར། གསང་བ་སྤྱོད་པའི་རྒྱུད། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་