R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡
[A:༡༡]ལྟར་ན། རྗེ་ས་ཆེན། རྗེ་བཙུན་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ ཡང་ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། ཡང༌། ཞང་སྟོན། བྲག་ཕུག་པ། བླ་མ་དཔལ་ལྡན་པ་དང༌། བྲག་ཕུག་པ་ལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བཟང་པོ། ཕ་ཆོས་ཀྱི་རྗེ། དེས་བདག་ལ་གནང་བའོ། །གསུང་རབས་དེ་དག་གི་མཚན་གྱི་རྣམ་གྲངས་ལ། དཔལ་བརྩེ་བ་ཆེན་པོའི་ཞབས་ཀྱི་གསུང་རབས་༼ཀ༽པ་ལ། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བི་རཱུ་པའི་བསྟོད་པ། རྒྱུད་སྡེ་སྤྱི་རྣམ། བརྟག་གཉིས་བསྡུས་དོན། བརྟག་གཉིས་ཊཱི་ཀ་དཀའ་འགྲེལ་དང༌། ཟིན་བྲིས་ཕྲན། མཚོ་སྐྱེས་ཀྱི་ལོ་རྒྱུས། ཊཱི་ཀ་སྒྲུབ་ཐབས་བསྡུས་དོན། གླུ་བཤད་དང་རྩའི་མངོན་རྟོགས། དེ་ཁོ་ན་ཉིད་བཅུའི་གསལ་བྱེད། ཀྱཻ་རྡོར་ལུས་དཀྱིལ་གྱི་དབང་ཆོག་གདན་གྱི་རྣམ་དག ཀྱཻ་རྡོར་མངོན་རྟོགས་ཚིགས་བཅད་མ། ཨུཥྞི་ཥ་དང་བྷ་ཡ་ནའི་བསྲུང་འཁོར། གུར་གྱི་ཆིངས། གུར་གྱི་ཟིན་བྲིས། སཾ་བྷུ་ཊིའི་དཀའ་འགྲེལ། ཁ་སྦྱོར་བརྒྱུད་ཕྱི་མའི་རྣམ་བཤད། རྒྱུད་སྡེའི་དུམ་བུ། བརྟག་གཉིས་རྡོ་རྗེ་སྙིང་འགྲེལ་གྱི་ཡིག་སྣ་རྣམས་སོ།། ༼ཁ༽པ་ལ། བདེ་མཆོག་རྩ་རྒྱུད་ཀྱི་ལེ་འབྲེལ། ས་བཅད། ཊཱི་ཀ་མུ་ཏིག་ཕྲེང་བ། བདེ་མཆོག་རྩ་རྒྱུད་ཀྱི་དཀའ་གནས་ཟིན་བྲིས། ནག་པོ་པའི་དཀྱིལ་ཆོག དེའི་ཐོ་ཡིག དེའི་དབང་གོང་མ་གསུམ། སྦྱིན་བསྲེག་གི་ཐོ་ཡིག་ཆེ་ཆུང༌། ཨོ་ལ་པ་ཏི། དེའི་བསྡུས་དོན། རོ་སྲེག་གི་ཆོ་ག ཨོ་ལ་པ་ཏི་དང་དཔྱིད་ཀྱི་ཐིག་ལེའི་སྔགས་རིམ་བསྒོམ་པའི་མན་ངག གསང་བའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཆ་བླ་མའི་གསུང་གི་སྣང་བ་བྲིས་པ། གསང་བའི་དེ་ཁོ་ན་ཉིད་ཀྱི་བསྡུས་