R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༢
[A:༡༢]དོན། གསང་བའི་དེ་ཁོ་ན་ཉིད་ཀྱི་རབ་ཏུ་གསལ་བའི་ཚིག་དོན་བསྡུས་པའི་ཐོ་ཡིག ཕུར་པའི་མངོན་རྟོགས། ལས་བྱང༌། དུར་ཁྲོད་བདག་པོའི་སྒྲུབ་ཐབས། རྟོག་བདུན་གྱི་ཊཱི་ཀ འདོད་རྒྱལ་གྱི་སྒྲུབ་ཐབས་སྒྲོལ་མ་ལྷ་བཅུ་བདུན་གྱི་དཀྱིལ་ཆོག སེང་གེ་སྒྲའི་སྒྲུབ་ཐབས། ཁྱུང་ཁྲ། བུམ་གཏེར་བཅའ་ཐབས། སྐྱུ་ར་ཨ་སྐྱབས་ལ་སྤྲིང་ཡིག་རྣམས་སོ།། ༈ །།སློབ་དཔོན་རིན་པོ་ཆེའི་གསུང་རབས་༼ག༽པ་ལ། ས་ཆེན་ལ་བསྟོད་པ་དང༌། ལམ་འབྲས་རྒྱུད་པའི་གསོལ་འདེབས། རྒྱལ་སྒོམ་ལ་སྤྲིང་ཡིག རྒྱུད་སྡེ་སྤྱིའི་རྣམ་བཞག ཀྱེ་རྡོར་རྣམ་བཤད། ཀྱེ་རྡོར་དབང་ཆུ། ཀྱེ་རྡོར་མངོན་རྟོགས། མཚོ་སྐྱེས་ཊཱི་ཀ དེའི་དབང་ཆུ། ཌོཾ་བྷི་ལུགས་ཀྱི་དཀྱིལ་ཆོག རབ་གནས། ལྷ་མོ་བཅོ་ལྔའི་དབང་གི་ཐོ་ཡིག རྣམ་རྒྱལ་རྟོག་པའི་ཊཱི་ཀ ས་བཅད་དང་བཅས་པ། དོན་ཞགས་ལྷ་ལྔའི་བསྟོད་པ། ལོ་རྒྱུས། རྒྱུད་ཀྱི་ས་བཅད། ཊཱི་ཀ མི་གཡོ་བ་སྔོན་པོ། རྡོ་རྗེ་གདན་པའི་ཆོས་དྲུག ཁ་འབར་གཏོར་ཆེན། བྱིས་པ་བདེ་ཀླག་ཏུ་འཇུག་པ་རྣམས་སོ།། ༼གྷ༽པ་ལ། སཾ་བྷུ་ཊའི་ཊཱི་ཀ དྲིལ་བུ་པའི་མངོན་རྟོགས། དཀྱིལ་ཆོག བདེ་མཆོག་མཆོད་འཕྲེང༌། ཆོས་ལ་འཇུག་པའི་སྒོ། སྤྱོད་འཇུག་གི་ཊཱི་ཀ་རྣམས་སོ།། ༈ །།རྗེ་བཙུན་ཆེན་པོའི་གསུང་རབས་༼ང༽པ་ལ། ས་ཆེན་རྣམ་ཐར། རང་གི་རྣམ་ཐར་མནལ་ལམ་མ། ལམ་འབྲས་གསོལ་འདེབས། བདག་མེད་མའི་རྒྱུད་པའི་གསོལ་འདེབས། ཀྱཻ་རྡོར་བསྟོད་པ་དཎྜ་ཀ དྲི་མེད་རྒྱན། བླ་མ་ལྔ་བཅུ་པའི་འགྲེལ་པ། རྩ་ལྟུང་འཁྲུལ་སྤོང༌། སྟོང་འཐུན། ལྗོན་ཤིང༌། དག་ལྡན། ཡན་ལག་དྲུག་པ་དང་རྒྱས་འབྲིང་གི་ཁྱད་འབྱེད་དཔའ་བོ་གཅིག་པ་དང་བཅས་པ། ཡང༌། ཡན་ལག་དྲུག་པ། ལས་བཞིའི་སྦྱིན་སྲེག དུས་ཐ་མའི་ཆོ་ག བདག་མེད་མའི་སྒྲུབ་ཐབས། བྱིན་བརླབས་ཀྱི་རྒྱུད་པ་མ་ཉམས་པ། རྒ་སྟོན་ལ་