R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༢
[A:༡༡༢]པའི་རྟེན་གྱི་གང་ཟག་གི་ཞེས་པ་དང༌། ཟན་ནམ་ཆན་ལ་གཏོར་མ་བྲེ་གང་ཡན་ཆད་བཟང་བར་བྱ་སྟེ་ཞེས་པ་དང༌། དེ་ལ་འདི་སྒྲུབ་པར་འདོད་པས། ཞེས་པའི་སྒྲུབ་ཐབས་གསུམ། ཚོགས་ཀྱི་བདག་པོའི་སྙིང་པོ་གཟུངས་ལ་ཕྱག་འཚལ་ལོ་ཞེས་པའི་བསྟོད་པ། རྣལ་འབྱོར་ལོངས་སྤྱོད་རྟག་དཀའ་བས། ཞེས་པའི་སྒྲུབ་ཐབས་བསྡུས་པ། བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ནི། ཞེས་པའི་སྒྲུབ་ཐབས། ཚོགས་ཀྱི་བདག་པོའི་གཟུངས་མིག་མཐོང་གི་གདམས་པ་རྣམས་སོ། །ཡིག་ཆ་འདི་རྣམས་ཚོགས་བདག་དམར་པོ་ཕྱག་བཞི་པ་དང་ཐུན་མོང་དུ་སྣང་ངོ༌། ༈ །ཚོགས་བདག་དཀར་པོ་ཞལ་གསུམ་ཕྱག་དྲུག་པའམ། ཆགས་པ་རྡོ་རྗེར་གྲགས་པའི་རྗེས་གནང༌། ལུང་དང་བཅས་པའི་བརྒྱུད་པ་ནི། ཨིནྟྲ་བྷུ་ཏི། རྒྱལ་པོ་གྲགས་པ། བྱང་ཆུབ་འབྱུང་གནས། རིན་ཆེན་འོད་ཟེར། ཡང་དག་སྦྱིན་པ། རིན་ཆེན་འབྱུང་གནས་ཞི་བ། ཇོ་བོ་རྗེ། རྒྱ་བརྩོན་སེང༌། གྲུབ་ཐོབ་ཤོལ་སོ་བ། སངས་རྒྱས་དབོན་སྟོན། སངས་རྒྱས་སྟོན་ཚུལ། ཁྱུང་ཚང་པ་སློབ་དཔོན་ཚུལ་རྒྱལ། སྣར་ཐང་པ་མཁན་པོ་ཉི་མ། དབུ་མ་པ་གྲུབ་བརྩོན། ཆོས་རྗེ་བཀའ་བཅུ་པ། གུང་ཆེན་པ། འཚལ་མིན་ཆོས་རྗེ། རིན་པོ་ཆེ་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །དེའི་ཡིག་ཆའི་རིམ་པ་ནི། ཚོགས་བདག་གི་ལོ་རྒྱུས། ཚོགས་བདག་ཁྲོ་བོ་སྒྲུབ་ཐབས་གསེར་གླིང་པས་མཛད་པ། ཚོགས་ཀྱི་བདག་པོའི་གསང་སྒྲུབ། གཏོར་མ། མི་འགྱུར་བཀོད་པ་ཕོ་བྲང་རྡོ་རྗེའི་གདན། ཞེས་པའི་གསོལ་གདབ་སྤྱན་འདྲེན། ཚོགས་ཀྱི་བདག་པོའི་བགེགས་སེལ་བའི་སྒྲུབ་ཐབས། ཆགས་པ་རྡོ་རྗེ་དམ་ཚིག་གི་བསྟོད་པ་ཇོ་བོས་མཛད་པ། རབ་གནས་བྱ་ཐབས། རྟགས་མ་བྱུང་ན་ཡི་དམ་ལྷ་གནད་ལ་དབབ་པ། གནད་ལ་འབོར་བ། བཟླས་པའི་ཞལ་གདམས། ཆགས་པ་རྡོ་རྗེའི་ཞལ་