R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༣
[A:༡༡༣]གདམས་ཚིག་གཉིས། ཆགས་པ་རྡོ་རྗེའི་ལས་མཐའ་ལ་སྦྱིན་སྲེག་དང༌། གསད་པ། སྤོབས་པའི་ཡིག་ཆུང༌། སྔགས་འབུམ་གྱི་གདམས་པ། འཇུར་བགེགས་སེལ་བའི་སྒྲུབ་ཐབས། རྗེས་གནང་གི་ཡི་གེ ག་ན་པ་ཏིའི་སྤྲེའུའི་སྒྲུབ་ཐབས། ཚོགས་བདག་གི་གསང་སྒྲུབ། ག་ལྔ་པ་བླ་མའི་ཞལ་ལས་རྙེད་པའི་གདམས་ངག་རྣམས་སོ།། ༈ །།ཡང༌། གཉན་ལོ་ནས་བརྒྱུད་པའི་དམར་ཆུང་སྐོར་གསུམ་ལ། ཀུ་རུ་ཀུལླེ། ནོར་རྒྱུན་མ། ལྷ་མོ་ཏེ་ནུ་རྣམས་ལ་དཔལ་མོ་གསེར་གྱི་སྙིང་ཐག་ཅན་དུ་གྲགས་པའི་རྗེས་གནང་སྒྲུབ་ཐབས། ལས་ཚོགས་དང་བཅས་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། གཉན་ལོ། གནམ་ཁའུ་པ། ས་ཆེན་པ། སློབ་དཔོན་རྩེ་མོ། རྗེ་བཙུན་པ། ས་པཎ། འཕགས་པ། དགའ་ལྡན་པ་ཀུན་བསོད། ཁམས་པ་རྡོ་རྗེ་དཔལ། བླ་མ་གྲགས་པ་དཔལ། བླ་མ་འཕགས་པ། བླ་མ་དཀོན་རྒྱལ་བ། བླ་མ་རིན་ཆེན་དཔལ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྗེ་བཙུན་ཆེན་པོ། བླ་ཆེན་ཡར་བསྒོམ། རྒྱལ་ཚ་ལུང་མངས་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡང༌། ས་པཎ། ཚོགས་སྒོམ། ཉན་ཆེན། ན་བཟའ་བྲག་ཕུག་པ། བཀའ་བཅུ་པ། གུང་པ། ལུང་མངས་པོ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །དེའི་ཡིག་ཆའི་རིམ་པ་ནི། ལོ་རྒྱུས་དང༌། ཀུ་རུ་ཀུལླེའི་ཉམས་སུ་བླང་ཚུལ་སོགས་གཉན་ལོའི་ཨུ་པ་དེ་ཤ། ཀུ་རུ་ཀུལླེའི་བསྟོད་པ་ཌོཾ་བྷི་བས་མཛད་པ། ཀུ་རུ་ཀུལླེའི་རྗེས་གནང༌། ནོར་རྒྱུན་མའི་སྒྲུབ་ཐབས་ཞལ་ཤེས་དང་བཅས་པ། ལྷ་མོ་ཏེ་ནུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྣམས་སོ།། ༈ །།ཡང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐོར་ཐོབ་པ་ལ། གར་མཁན་མཆོག་གི་རྒྱུད་ནས་གསུངས་པའི་རྣམ་སྲས་སེར་ཆེན་རྟ་