R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༡
[A:༡༡༡]མཛད་པ། རྗེས་གནང་གི་ཕྱག་ལེན་ཟིན་བྲིས་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པ། ཚོགས་ཀྱི་བདག་པོ་ལ་མཆོད་ཅིང་གསོལ་བ་གདབ་པའི་ཚུལ་ཤླཽ་ཀ་སུམ་ཅུ་རྩ་བདུན་པ་དང༌། ཚོགས་བདག་གི་བསྟོད་པ་མདོར་བསྡུས་པ་དཔལ་ལྡན་བླ་མ་དམ་པས་མཛད་པ། འཕགས་པ་ཚོགས་ཀྱི་བདག་པོའི་གཟུངས་གཉིས། ཚོགས་བདག་དམར་པོ་ཕྱག་བཅུ་གཉིས་པའི། ཕྱག་མཚན་བཅུ་གཉིས་ཀྱི་ལས་ཚོགས། ཡང་ལས་ཚོགས་ཀྱི་ཡིག་ཆུང་གཅིག ཚོགས་ཀྱི་བདག་པོའི་འཁོར་ལོའི་གསལ་བྱེད་ཌོཾ་བྷི་ཧེ་རུ་ཀས་མཛད་པ། འཁོར་ལོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་རིན་ཆེན་ལྗོན་ཤིང་ཚུལ་བློས་མཛད་པ་རྣམས་སོ།། ༈ །།ཡང༌། ཚོགས་བདག་དཀར་པོ་ཕྱག་བཞི་པའི་རྗེས་གནང་ལུང་དང་བཅས་པའི་བརྒྱུད་པ་ནི། ཨ་མོ་གྷ་བཛྲ། ནཱ་རོ་པ། དཱི་པཾ་ཀ་ར། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། ཁྲོ་ཕུ་བ། ཁྱི་ལོ། ཡོ་བ། ཤཱི་ལ་པྲ་བྷ་ཝ། དོས་ཀུ་མ་ར། ལྕན་བནྡྷེ། གསལ་བ་སྒང་པ། སློབ་དཔོན་དཔལ་མགོན། སློབ་འོད་མ། འཚལ་མིན་ཆོས་རྗེ་རིན་པོ་ཆེ་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཨ་མོ་གྷ་བཛྲ། རྡོ་རྗེ་གདན་པ། བ་རི་བ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། བླ་མ་ཁང་སྟོན་པ། བླ་མ་བྱང་ཆེན་པ། ཆོས་རྗེ་བཀའ་བཅུ་པ། གུང་པ་བཀྲ་ཤིས་བཟང་པོ། འཚལ་མིན་ཆོས་རྗེ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །དེའི་ཡིག་ཆའི་རིམ་པ་ནི། བརྒྱུད་པའི་ལོ་རྒྱུས། ཚོགས་ཀྱི་བདག་པོའི་གསང་བའི་སྒྲུབ་ཐབས། ཨ་མོ་གྷ་བཛྲས་མཛད་པ་ནག་ཚོའི་འགྱུར། ཚོགས་ཀྱི་བདག་པོའི་སྒྲུབ་པའི་མན་ངག རབ་གནས་བྱ་ཐབས། གཏོར་མ་འབུལ་བ། བསྟོད་པ་ཨ་མོ་གྷ་བཛྲས་མཛད་པ། ལ་དུ་ཞེས་པའི་ཞལ་ཟས་འཆོས་ཐབས་དང༌། གཅུན་སྔགས། ཚོགས་བདག་སྒྲུབ་