R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༠
[A:༡༡༠]རྒྱལ་པོ་དཔལ་གྱིས་མཛད་པ། ལས་བཞི་ཀ་བསྒྲུབ་ན་ཞེས་པ་དང༌། རིན་ཆེན་བསྒྲུབ་པའི་མན་ངག་ཞེས་པ་དང༌། ཐ་ཆེན་གྱི་འཁོར་ལོ་བྲི་ཐབས། གསལ་བྱེད་ཉི་མའི་འཁོར་ལོས་སྣོད་བཅུད་དབང་དུ་བྱ་བ། རྡོ་རྗེ་གདན་པས་མཛད་པ། ས་ཆེན་གྱིས་མཛད་པའི་འགྲེལ་པ་རྡོ་རྗེ་རིན་པོ་ཆེའི་མྱུ་གུ། སྣོད་བཅུད་དབང་དུ་བྱ་བ་ས་པཎ་གྱིས་མཛད་པ། སྐུ་གསུང་ཐུགས་ཀྱི་རབ་གནས། ཞལ་གདམས་ཀྱི་ཟིན་བྲིས་ཞེས་པ་དང༌། གཞན་དབང་དུ་བྱ་ཐབས་བ་རི་བས་ས་སྐྱ་པ་ལ་གནང་བ། རྟགས་ཀྱི་ཡིག་ཆུང༌། སྦྱིན་སྲེག་བྱ་ཐབས་རྣམས་སོ། །འདི་རྣམས་ཅུང་ཟད་བཟློས་པ་སྲིད་ཀྱང་ཚིག་ཟུར་ལ་ཁྱད་པར་ཡོད་དོ། །ཡང༌། དེའི་ཡིག་ཆའི་རིམ་པ་ལ། བ་རི་བའི་ཞལ་གདམས་བཀའ་རྒྱ་མ། རྗེས་གནང་དང༌། སྔགས་རིངས་གཉིས་དང་བཅས་པའི་བྲི་བཟླས་ས་པཎ་གྱིས་མཛད་པ། སྦས་པའི་མིག་འབྱེད་ས་ཆེན་གྱིས་སྒྲོལ་མ་ལྷ་ཁང་དུ་བཀོད་པ། ཡང་རབ་གནས་སོགས་དབང་གི་ནང་སྒྲུབ་ཟབ་མོ་ས་པཎ་གྱིས་མཛད་པ། གནད་འབེབས་ཉི་ཟླའི་འཁོར་ལོ་རྗེ་བཙུན་རིན་པོ་ཆེས་མཛད་པ། མཁའ་འགྲོ་མའི་སྤོབས་ཆོག་ས་པཎ་གྱིས་མཛད་པ། དབང་གི་ནང་སྒྲུབ་ས་པཎ་གྱིས་མཛད་པ་རྣམས་སོ།། །།ཡང༌། ཚོགས་བདག་དམར་པོའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ས་ར་ཧ། ཀླུ་སྒྲུབ། རི་ཁྲོད་མགོན་པོ། ཧ་ངུ་དཀར་པོ། མལ་གྱོ་བློ་གྲོས་གྲགས། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་པཎ། རིན་པོ་ཆེ་སྐྱོབ་པ་དཔལ། གཞོན་ནུ་བཀྲ་ཤིས། རྡོ་རྗེ་དཔལ། གཞོན་ནུ་དཔལ། གུ་རུ་ཤེས་རིན། འཛམ་གླིང་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །དེའི་ཡིག་ཆའི་རིམ་པ་ལ། རྗེས་གནང་གི་ཡི་གེ་གཅིག བསྙེན་སྒྲུབ་ལས་སྦྱོར་མན་ངག་ཕྲན་ཚེགས་དང་བཅས་པ་ཆོས་རྒྱལ་འཕགས་པས་