R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༤
[A:༡༠༤]འཕགས་པ། བློ་ཆེན་པ། བག་སྟོན། སློབ་དཔོན་རཏྣ་བཛྲ། བླ་མ་གྲགས་པ་མགོན་པོ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། རི་ཁྲོད་ལོ་མ་གྱོན་མའི་རྗེས་གནང་ཞུས་ནས། སེར་མོའི་སྒྲུབ་ཐབས། བུམ་ཆོག་འཕགས་པ་རིན་པོ་ཆེས་མཛད་པ། སྒྲུབ་ཐབས་བསྡུས་པ་རྣམས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་བ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དོན་ཡོད་རྒྱལ་མཚན། འདུལ་འཛིན་རྒྱ་བོ། བྱང་སེང་པ། རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། ཡང༌། འཕགས་པས་མཛད་པའི་བུམ་ཆོག་གི་ལྷན་ཐབས། དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པའི་ལུང་ཡང་ཞུས་སོ། །ཡང༌། བཅོམ་རལ་གྱིས་མཛད་པའི་རི་ཁྲོད་ལོ་མ་གྱོན་ནག་མོ་རྨ་བྱའི་གདན་ཅན་གྱི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། བཅོམ་རལ། ཀྱི་སྟོན། ཀུན་མཁྱེན་ཆེན་པོ། ཉ་དབོན་ཀུན་དགའ། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། སངས་རྒྱས་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས། ལས་ཚོགས་དང་བཅས་པའི་བརྒྱུད་པ་ནི། ཀླུ་སྒྲུབ། ཟླ་གྲགས། རིགས་པའི་ཁྱུ་བྱུག ཨ་ཏི་ཤ། འབྲོམ་སྟོན་པ། སྤྱན་མངའ་བ། རྣལ་འབྱོར་པ། བྱ་ཡུལ་བ། མུས་སྨན་པ། སྣར་ཐང་པ། བཅོམ་ལྡན་རལ་གྲི། ཀྱི་སྟོན་པ། ཀུན་མཁྱེན་ཆེན་པོ། ཉ་དབོན་ཀུན་དགའ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་ཡིག་ཆའི་སྐོར་ལ་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། གཏོར་མ། གཟུངས། ཀླུ་གཏོར། བསྟོད་པ། ལོ་རྒྱུས། བྱིན་རླབས། གཟུངས་ལུང་རྣམས་ཡོད་དོ། ༈ །ཡང༌། སྨན་བླ་སྤྲུལ་པ་སྐུའི་རྗེས་སུ་གནང་བའང་ཞུས་ལ། བདག་གི་བླ་མས་ཐེག་ཆེན་ཆོས་རྗེའི་ཐུགས་སྲས། ཀུན་དགའ་རྒྱལ་མཚན། བླ་མ་རྗེ་བཙུན་པར་གྲགས་པ་ལས་གསན་པར་འདུག་ཅིང༌། བླ་མ་བརྒྱུད་པ་གསན་ཡིག་ན་མི་བཞུགས་པས་འདིར་ཡང་དེ་ལྟར་རོ། ༈ །ཡང༌། སྨན་བླའི་མདོ་ཆོག་གི་ལུང་གི་བརྒྱུད་པ་ནི། ཐུབ་པ། འཇམ་དཔལ། བོདྡྷི་ས་ཏྭ་ཆེ་ཆུང༌། རྒྱལ་པོ་དགེ་བའི་དཔལ། ཨ་ཏི་ཤ། ལྷ་བཙུན་བྱང་ཆུབ་འོད། ཏི་སེ་བ་ཆེན་པོ། བྱང་སེམས་ཟླ་རྒྱལ། ཨོང་པོ་ལོ་ཙཱ། དགྲ་བཅོམ་རྒྱལ་