R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༣
[A:༡༠༣]བདག་པོ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། གཉན་སྟོན་རིན་ཆེན་གྲགས། གནས་བརྟན་དཀོན་མཆོག་རྩེགས། ལྡོག་སྟོན་བྱའུ་རྒྱལ། རྒྱལ་ཚ་ལུངས་མངས་པོ། བླ་ཆེན་རོང་པ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཆོས་རྗེ། ཐུགས་སྲས་ལོ་ཙཱ་བ། བླ་མ་བསོད་ནམས་དཔལ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འོད་ཟེར་ཅན་གྱི་རྗེས་སུ་གནང་བ་ཞུས་ནས། སྒྲུབ་ཐབས་སྦྱིན་སྲེག རྗེས་གནང་རྣམས་ཀྱི་ཡིག་ཆ་ཆོས་རྗེ་བླ་མ་དམ་པས་མཛད་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། ཨཱརྻ་དེ་བ། འཇམ་དཔལ་གྲགས་པ་རིན་ཆེན། ཨ་ར་ཤནྟི། སིའུ་རི་པ། ཨ་བྷྱ་ཀཱ་ར། དགེ་བའི་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ་ཆེ་ཆུང༌། པུཎྱེ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོང་ནག་རལ་གྲི། ཤངས་པ་གྲགས་སེང༌། ཞང་ཀུན་དགའ་འབུམ། ཕག་གུ་རུ། དཀོན་མཆོག་ཡེ་ཤེས། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སློབ་དཔོན་དར་བཟངས། བླ་མ་གྲགས་པ་མགོན། མཁས་གྲུབ་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འཇམ་དཔལ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ།