R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༥
[A:༡༠༥]མཚན། བླ་མ་དབང་མཛེས། བླ་མ་དཔལ་མཛེས། ཡོན་ཏན་དབང་ཕྱུག ཤངས་པ་འདུལ་འཛིན། མཁན་ཆེན་བསོད་གྲགས། རྒྱལ་སྲས་ཐོགས་མེད། ལོ་ཆེན་བྱང་རྩེ། དཔལ་ལྡན་ཡེ་ཤེས། དེ་གཉིས་ཀ་ལ་བཀའ་བཞི་པ་སེང་གེ་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། གཡུལ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། ཤ་རི་པུ་ཏྲ་དང་རྣལ་འབྱོར་པ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྒྱུར་བ་ཞུས། དྲི་མེད་ཀྱི་བསྒོམ་བཟླས་མདོར་བསྡུས་པ་ཡོན་ཏན་དཔལ་གྱིས་སྦྱར་བ། རྗེས་གནང་གི་ཡི་གེ གཙུག་ཏོར་དྲི་མ་མེད་པའི་སྒྲུབ་ཐབས་རིན་ཆེན་རྒྱལ་མཚན་གྱིས་གནས་རྙིང་གི་གཙུག་ལག་ཁང་དུ་སྦྱར་བ། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ་ཞེས་པའི་བསྟོད་པ་རྣམས་ཀྱི་ལུང་དང་རྗེས་གནང་གི་བརྒྱུད་པ་ནི། ཐུབ་པ། འཇམ་དཔལ། བོདྡྷི་ས་ཏྭ། བོདྡྷི་ས་ཏྭ་ཆུང་བ། རྒྱལ་པོ་དགའ་བའི་དཔལ། དགེ་བའི་དཔལ། ཨ་ཏི་ཤ། ལྷ་བཙུན་བྱང་ཆུབ་འོད། ཏི་སེ་བ་ཆེན་པོ། བྱང་སེམས་ཟླ་རྒྱལ། ཨོང་པོ་ལོ་ཙཱ། དགྲ་བཅོམ་རྒྱལ་མཚན། རྗེ་བཙུན་གྲགས་རྒྱལ། ས་པཎ། གྲུབ་ཐོབ་ཡོན་ཏན་དཔལ། ལྷ་བཙུན་བསོད་ནམས་སྟོབས། རིན་པོ་ཆེ་རྒྱལ་ཚ། གཅུང་ཡེ་ཤེས་རྒྱལ་མཚན། བླ་མ་བྱང་ཆུབ་འཛིན། གཉལ་པ་བདེ་ལེགས་དཔལ། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།གཞན་ཡང༌། རྡོ་རྗེ་འཕྲེང་བ་ཞེས་གྲགས་པའི་དབང་བསྐུར་བ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། མཁས་པ་ཨ་བྷ་ཡ་ཀ་ར་གུཔྟ། ན་ཡ་ཀ་པ། ད་ཤ་བ་ལ་ཤྲཱི། བི་ཁྱ་ཏ་དེ་བ། ཁ་ཆེ་ཤཱཀྱ་ཤྲཱི་བྷ་ཏྲ། བྷཱུ་མི་ཤྲཱི། བི་མ་ལ་ཤྲཱི། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དྷརྨཱ་རཱ་ཛ། ཨ་མོ་གྷ་ཤྲཱི། ཆོས་རྗེ་བྱང་ཆུབ་དཔལ། ཕ་ཆོས་ཀྱི་