R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༢
[A:༡༠༢]རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་འོད་ཟེར། རྩས་སྐྱ་སྟོན་གྲགས། སློབ་དཔོན་ཤཱཀ་འབུམ། དབུས་པ་སངས་རྒྱས་འབུམ། ཆོས་སྐུ་འོད་ཟེར། འཕགས་འོད། བུ་སྟོན། བླ་མ་དབང་རྣོན་པ། བླ་མ་ཀུན་དགའ་རིན་ཆེན། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་བུ་སྟོན་ཆོས་རྗེས་མཛད་པའི་སྟེང་ནས་དབང་བསྐུར་བ་དང་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀུན་རིག ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། པྲཛྙཱ་བ་ལི་ཏ། པྲཛྙཱ་བྷོ་ཏི། མུ་ཏི་ཀོ་ཥ། དྷརྨྨ་པཱ་ལ། ཇོ་བོ་རྗེ། དོ་པ་བསྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། གནུར་ཆེན་པོ། སྲས་སིང་ཧ། བྱང་ཆུབ་འོད། གནུར་ཉི་མ་རྒྱལ་མཚན། གནུར་ཡེ་ཤེས་རྒྱལ་མཚན། གནུར་ཆོས་འཕགས་རྒྱལ་མཚན། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ་སྟོན། དབང་རྣོན་པ། བླ་མ་ཀུན་དགའ་རིན་ཆེན། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། སོ་སོར་འབྲང་མ་གཙོ་བོར་བྱས་པའི་བསྲུང་བ་ལྔའི་དབང་དང་ཆོ་ག་རྒྱས་པ། འགྲོ་མགོན་འཕགས་པའི་ཡིག་ཆ་དང༌། ལོ་ཙཱ་བ་རིན་རྣམ་པའི་ཕྱག་ལེན་སྟེང་ནས་བཀའ་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། ཛེ་ཏ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ། བླ་མ་རྩ་མི། བ་རི་ལོ་ཙཱ་བ། ས་ཆེན་པ། རྗེ་བཙུན་རྩེ་མོ། རྗེ་བཙུན་པ། ས་པཎ། འཕགས་པ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཆོས་རྗེ། རིན་ཆེན་རྣམ་རྒྱལ། བླ་མ་བདེ་མཆོག་པ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བརྒྱུད་པའི་སྲོལ་གཅིག་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། གསང་བའི་