R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༡
[A:༡༠༡]ཤེ། གནུར་ཉི་མ་ཤེས་རབ། རྩས་སྐྱ་སྟོན་གྲགས། ཤཱཀྱ་འབུམ། འཛིམས་པ་རིན་ཤེ། ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཐོག་སྟོན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བུ་སྟོན་ཆོས་རྗེས་མཛད་པའི་ཀུན་རིག་གི་ཆོ་ག་རྒྱས་པའི་སྟེང་ནས་དབང་ལུང་ཡོངས་སུ་རྫོགས་པར་ཐོབ། བརྒྱུད་པའི་རིམ་པ་ལ་སྨད་ལུགས་དང༌། སྟོད་ལུགས་གཉིས་ཀྱི། དང་པོ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། དཔའ་བོ་རྡོ་རྗེ་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། དེ་བཞི་ཀ་ལ་ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ། རབ་འབྱོར་སྐྱངས། ཤྲདྡྷ་ཀ་ར་ཝརྨྨ། སངས་རྒྱས་ཞི་བ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། དེ་གཉིས་ཀ་ལ་ཀྱང་པོ། ས་པཎ། ཡང༌། ལོ་ཆུང་ལ། སུམ་སྟོན་དང༌། ལྕེ་གཞར་གཉིས་ཀྱིས་གསན། དེ་རྣམས་ལ་སྟག་ཚལ་ལྡོང་སྔོན་གྱིས་གསན། དེ་ནས་སྤྲུ་སྟོན་འབར་ཐོག རོང་སྨད་ལྷ་སྟེངས་ཀྱི་རྩངས་ཡང་དག་རྡོ་རྗེ། ཡང༌། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྟྲ་བྷུ་ཏི་ཆེ་ཆུང་གསུམ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཡེ་ཤེས་རྡོ་རྗེ། ཨོ་ཌི་ཡ་ནའི་གཙུག་གི་ནོར་བུ་ཀུན་སྙིང༌། རབ་ཞི་བཤེས་གཉེན། པད་མ་ཀཱ་ར། ལོ་ཆེན། ལོ་ཆུང་ལེགས་ཤེ། ཟངས་དཀར་ལོ་ཙཱ། ཀློག་ཀྱ་ལ་ཆག་ཚང་སྟོན་ཤེ་དང༌། ཇོ་ཤེ་གཉིས་ཀྱིས་གསན། དེ་གཉིས་ལ་རྩངས་ཡང་དག་རྡོ་རྗེ། རྩངས་སྟོན་སྨྲ་སེང༌། ལྕེ་མདོ་སེང༌། ཆོས་སྐུ་འོད་ཟེར། འཕགས་འོད། བུ་སྟོན། བླ་མ་དབང་རྣོན། བླ་མ་ཀུན་དགའ་རིན་ཆེན། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །གཉིས་པ་ནི། རབ་འབྱོར་སྐྱངས། དྷརྨཱ་ཕ་ལ། ལོ་ཆེན་རིན་ཆེན་བཟང་པོ། གུར་ཤིར་བརྩོན་འགྲུས་