R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༠
[A:༡༠༠]རྗེ། དེས་བདག་ལའོ། ༈ །གཙུག་ཏོར་འབར་བའི་སྒྲུབ་ཐབས་བསམ་ཡས་པས་མཛད་པ། གཙུག་ཏོར་འབར་བའི་ལས་ཚོགས། ཡང༌། ཁྲོ་བོ་གཙུག་ཏོར་འབར་བའི་སྒྲུབ་ཐབས་བྱང་ཆུབ་གཞོན་ནུས་མཛད་པའང་ཞུས་སོ།། །།ཀུན་རིག་གི་སྐོར།། ཡང༌། བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་རྗེ་བཙུན་ཆེན་པོས་མཛད་པ་ཀུན་རིག་གི་ཆོ་ག་གཞན་ཕན་འོད་ཟེར་ཆེན་མོའི་སྟེང་ནས་ལུང་ཚང་མ་དང༌། དབང་གི་ཆོ་ག་ལ་སྟ་གོན་ཡོད་པ་དང་མེད་པའི་ལུགས་གཉིས་ཀ་སོ་སོར་ཞུས་ནས། བརྒྱུད་པའི་རིམ་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སློབ་དཔོན་རབ་འབྱོར་སྐྱངས། སློབ་དཔོན་ཀུན་དགའ་སྙིང་པོ། སློབ་དཔོན་ཤེས་རབ་སྐྱངས། སློབ་དཔོན་ཞི་བ་སྙིང་པོ། ཤ་ཀུ་ལ་མི་ཏྲ། བདེ་བའི་རྡོ་རྗེ། ཤྲཱདྡྷ་ཀ་ར་ཝརྨཱ། ལོ་ཙཱ་བ་ཆེན་པོ། བླ་མ་བྲག་སྟེངས་པ། མལ་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། འཕགས་པ། བླ་མ་ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་ས་སྐྱ་པ་ལ། རིན་པོ་ཆེ་ཚོགས་བསྒོམ་ཀུན་དགའ་དཔལ། ཉན་ཆེན། བསོད་ནམས་བརྟན་པ། བླ་མ་གཞོན་ནུ་དཔལ། ཆོས་རྗེ་བླ་མ་དམ་པ། ཡང༌། འགྲོ་མགོན་འཕགས་པ་ལ། བློ་ཆེན་སངས་རྒྱས་སྲས། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བླ་མ་དམ་པ། ༈ །ཡང༌། བརྒྱུད་པའི་སྲོལ་གཅིག་ལ། ཐུབ་པ་ཆེན་པོ། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སྒྲ་གཅན་འཛིན། བ་ཏི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། ཀུན་དགའ་སྙིང་པོ། པྲཛྙཱ་བ་ལི་ཏ། ཇོ་བོ་རྗེ། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་