R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༩
[A:༩༩]གྲགས། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། གོ་ལུང་པ། དགའ་ལྡན་པ། ཁམས་པ་རྒན་མོ་ལྷས་པ། སློབ་དཔོན་སྟོན་པ། བླ་མ་བསོད་ནམས་དབང་ཕྱུག མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་བསོད་ནམས་སེང་གེ ཆོས་རྗེ་བསོད་རྒྱལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། སངས་རྒྱས། བཛྲ་པཱ་ཎི། ཛེ་ཏ་རི་པ། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོ་ཙཱ་བ་ནས་གོང་བཞིན་ནོ། ༈ །ཡང༌། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་ཀྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་བ། ས་ཆེན་པ། རྩེ་མོ། རྗེ་བཙུན། ས་པཎ། འཕགས་པ། དུས་འཁོར་བ། བླ་མ་འཇམ་དབྱངས་པ། བག་སྟོན་གཞོན་ཚུལ་བ། མ་ཏི་པཎ་ཆེན། སྙག་དབོན། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །གཙུག་ཏོར་དྲི་མ་མེད་པའི་རྗེས་གནང་གི་ཡི་གེ སྒྲུབ་ཐབས་རིན་ཆེན་རྒྱལ་མཚན་གྱིས་གནས་སྙིང་གི་གཙུག་ལག་ཁང་དུ་སྦྱར་བ། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ་ཞེས་པའི་བསྟོད་པ་རྣམས་ཀྱི་ལུང་དང་རྗེས་གནང་གི་བརྒྱུད་པ་ནི། ཐུབ་པ། འཇམ་དཔལ། བོདྡྷི་ས་ཏྭ། བོདྡྷི་ས་ཏྭ་ཆུང་བ། རྒྱལ་པོ་དགའ་བའི་དཔལ། དགེ་བའི་དཔལ། ཨ་ཏི་ཤ། ལྷ་བཙུན་བྱང་ཆུབ་འོད། ཏི་སེ་བ་ཆེན་པོ། བྱང་སེམས་ཟླ་རྒྱལ། ཨོང་པོ་ལོ་ཙཱ། དགྲ་བཅོམ་རྒྱལ་མཚན། རྗེ་བཙུན་གྲགས་རྒྱལ། ཆོས་རྗེ་ས་པཎ། གྲུབ་ཐོབ་ཡོན་ཏན་དཔལ། ལྷ་བཙུན་བསོད་ནམས་སྟོབས། རིན་པོ་ཆེ་རྒྱལ་ཚ། གཅུང་ཡེ་ཤེས་རྒྱལ་མཚན། བླ་མ་བྱང་ཆུབ་འཛིན། ཀུན་མཁྱེན་བདེ་ལེགས་དཔལ། རིན་པོ་ཆེ་བསོད་ནམས་བཟང་པོ། རིན་པོ་ཆེ་སེང་གེ་དཔལ། ཕ་ཆོས་ཀྱི་