R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༩༨
[A:༩༨]བདག་ལའོ། ༈ །ཡང༌། ལོ་ཙཱ་བ་མཆོག་ལྡན། སྤུགས་ཡོན་ཏན་ཀུན་བསོད། ཡེ་ཤེས་མགོན། དེ་གཉིས་ལ་བག་སྟོན། བླ་མ་ཚུལ་རྒྱལ། ངག་དབང་པ། བྱང་སེང་པ། བཤེས་གཉེན་པ། དེ་གཉིས་ལ་ལུང་རིགས་ཀྱི་དབང་ཕྱུག མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཕྱག་རྡོར། ཙནྟྲ་གོ་མི། བྲམ་ཟེ་རིན་ཆེན་རྡོ་རྗེ་ལས་རིམ་པར་བརྒྱུད་པའང་ཡོད་དོ། །ཡང༌། ཟངས་དཀར་ལ། གཉལ་སྟོན་ཡེ་ཤེས་དབང་ཕྱུག་གིས་ཞུས་ནས་ཀྱང་བརྒྱུད་དོ། །དེ་དག་གི་ཡིག་ཆའི་སྐོར་ལ། གཙུག་ཏོར་ལྷ་ཡུལ་མ་ཆུང་བ་ཛྙ་ན་ཤྲཱིའི་རང་འགྱུར། མདོས་དང་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་ཡེ་ཤེས་ཀྱིས་སྡེབས་པ། གཙུག་ཏོར་དཀར་མོའི་མངོན་རྟོགས། སྒྲུབ་ཐབས་བར་པ་བྱང་ཆུབ་སེང་གེས་བྲིས་པ། གདུགས་དཀར་ཅན་གྱི་གཏོར་ཆོག་བསྡུས་པ་གཅིག གདུགས་དཀར་གྱི་དཀྱིལ་ཆོག་གཟུངས་ཀྱི་དོན་གསལ་བ། ཟངས་དཀར་འཕགས་པའི་རྗེས་སུ་འབྲངས་པ། ཀུན་དགའ་བསོད་ནམས་ཀྱིས་མཛད་པ། གཙུག་ཏོར་སྟོང་ཟློག་བྱ་ཐབས། འཕགས་མ་གདུགས་དཀར་ཅན་གྱི་གཏོར་མའི་ཆོ་ག་སློབ་དཔོན་ཙནྟྲ་གོ་མིས་མཛད་པ། རིན་བཟངས་ཀྱི་འགྱུར་རྣམས་ཀྱང་ཞུས་སོ། །ཡང༌། གཙུག་ཏོར་རྣམ་རྒྱལ་བ་རི་ལོ་ཙཱ་བའི་ལུགས། ལྷ་དགུའི་རྗེས་སུ་གནང་བ་དང༌། སྒྲུབ་ཐབས། སྟོང་མཆོད་ལ་སོགས་པའི་ཡིག་ཆ་འགྲོ་མགོན་འཕགས་པས་མཛད་པ་དང༌། སློབ་དཔོན་ཙནྟྲ་གོ་མིས་མཛད་པ་ལྷ་དགུའི་བསྟོད་པ། མདོ་སྡེ་ལས་འབྱུང་བ་གསོ་སྦྱོང་རང་གིས་བླང་བའི་ཆོ་ག་སོགས་ཡན་ལག་ཚང་བར་ཞུས་སོ། །འདིའི་བརྒྱུད་པའི་རིམ་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། བསྐལ་ལྡན་གྲགས་པ། ཤཱི་ལ་ཀ་ར་མ་ཏི། པཎྜི་ཏ་བཻ་རོ་ཙཱ་ན་རཀྵི་ཏ། བ་རི་ལོ་ཙཱ་བ་རིན་ཆེན་