R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡ན
[A:༤༡ན]བྱུང་བའོ། །ཞེས་པས་སྟོན་པའི་དངོས་ཀྱི་སྤྲུལ་པར་བསྟན། དེ་ཉིད་ཧཱུྃ་ཡིག་ལས་སྐྱེས་པ། །ཞེས་པས་དེའི་ས་བོན་དང་། དེ་ལས་བསྐྱེད་ཚུལ་བསྟན། ལག་པ་གཉིས་པ་མགོ་གཅིག་པ། །ཁ་དོག་ནག་པོ་དྲག་པོ་ཆེ། །འབར་བའི་གྲི་གུག་ཐོད་པ་འཛིན། །མགོ་བོ་རློན་པས་དོ་ཤལ་བྱས། །འཇིགས་བྱེད་ནག་པོ་མཆེ་བ་གཙིགས། །གཟུགས་ཐུང་པ་ལ་བརྗིད་པོ་ཆེ། །ཁ་ནས་ཁྲག་ནི་འཛག་པ་པོ། །ཞེས་པས་དེའི་སྐུ་མདོག་ཕྱག་མཚན་རྣམ་འགྱུར་སོགས་ཀྱི་མངོན་པར་རྟོགས་པ་བསྟན། སློབ་དཔོན་ལ་རྟག་གང་སྡང་དང་། །དཀོན་མཆོག་གསུམ་ལ་འཁྲུག་ལྡན་དང་། །སེམས་ཅན་དུ་མ་གསོད་པ་རྣམས། །ཞེས་པས་དེའི་གདུལ་བྱའི་གཙོ་བོ་མངོན་སྤྱོད་གང་ལ་བྱ་བའི་ཡུལ་བསྟན། རང་གི་ཡན་ལག་ཤ་བཅད་ནས། །ནག་པོ་ཆེན་པོས་ཟ་བར་འགྱུར། །ཁྲག་གི་རྒྱུན་ཡང་འཐུང་བར་བྱེད། །ཡང་ན་མགོ་