R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧བ
[A:༤༧བ]དག་དང་མཐུན་པའི་ཚད་ལྡན་གྱི་སྐྱེ་བརྒྱུད་སོམ་ཉི་དང་བྲལ་བ་ཡིན་ཞིང་། དེ་ལས་གཞན་པའི་ཁུངས་ཀྱི་ཡི་གེ་ཡིད་ཆེས་ཅན་བསྟན་རྒྱུ་ཡོད་པ་དཀའ་བར་སྣང་བས། དེས་ན་རྟོག་བཟོ་མཁན་རྣམས་སྨྲ་བ་བསྐྱུང་སྟེ་གཟུ་བོར་གནས་པའི་བློས་བསམ་པར་རིགས་སོ། །དེ་དག་གིས་ནི་སྔོན་བྱུང་གི་ལོ་རྒྱུས་བསྟན་ཟིན་ནས།། །།གཉིས་པ་རྒྱུད་ལས་བསྟན་ཚུལ་ནི། མགོན་པོ་འདི་ཉིད་ལ་གུར་གྱི་མགོན་པོ་ཞེས་མཚན་འདོགས་པའི་རྒྱུ་མཚན་ཡང་། སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་རྡོ་རྗེ་གུར་གྱི་རྒྱུད་གསུངས་པའི་དུས་སུ་དེ་ཉིད་ཀྱི་སྲུང་མར་ནག་པོ་ཆེན་པོ་འདི་ཉིད་སྤྲུལ་ནས་མགོན་པོ་འདི་ཉིད་ཀྱི་སྒྲུབ་ཐབས་རྒྱུད་དེའི་ལེའུ་བཅོ་ལྔ་པ་དཀྱིལ་འཁོར་ཆེན་པོ་བསྡུས་པའི་རྟོག་པ་ལས་བཀའ་བསྩལ་པ་ནི། ནག་པོ་ཆེན་པོ་འདི་ཉིད་ཀྱི་རྒྱུད་རྣམས་ཀྱི་གཙོ་བོའམ་སྙིང་པོ་ལྟ་བུར་གྱུར་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས། ནག་པོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་