R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡༡བ
[A:༢༡༡བ] རྣམས་བཤད་པའི་གཞི་ཆེ་ཞིང་། ཟབ་ཅིང་རྒྱ་ཆེ་བ་འབའ་ཞིག་ཏུ་བཞུགས་པས་འདི་རྣམས་ཀྱི་ཆོས་སྐོར་རྣམས་བྱུང་ཚུལ་གྱི་ཡི་གེ་ཞིབ་པ་ཞིག་བགྱིས་ཏེ། ལུགས་འདིའི་བསྟན་པའི་ཞབས་འདེགས་སུ་འགྱུར་བ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་རང་ཉིད་ཀྱིས་ཀྱང་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཤིང་། དོན་གཉེར་ཅན་གྱི་དགེ་བའི་བཤེས་གཉེན་དུ་མས་ཀྱང་འཕྲལ་ཡུན་དུ་བསྐུལ་བ་དང་། ལྷག་པར་རིགས་ཀྱི་བུ་ངག་དབང་བསོད་ནམས་དབང་ཕྱུག་ལ་སོགས་ཏེ་རིགས་དང་ཆོས་ལས་སྐྱེས་པའི་སློབ་མའི་ཚོགས་རང་དང་སྐལ་བ་མཉམ་པ་རྣམས་ལ་ཕན་པར་བསམས་ནས། ལུགས་འདི་ལ་མཁོ་བའི་མགོན་པོད་མེ་འབར་མ་སོགས་ན་བཞུགས་པའི་ཆོས་སྐྱོང་གི་བླ་མ་བརྒྱུད་པའི་ལོ་རྒྱུས་ཀྱི་ཡི་གེ གོང་མས་མཛད་པའི་གསུང་རབ་རྗེས་འབྲངས་ཀྱི་ཟིན་བྲིས་དུ་མ་དང་བཅས་པ་རྣམས། བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་མགོན་པོའི་མན་ངག་གི་ཁོག་ཁྲིགས་ཀྱི་ཡི་གེ ཁྱད་པར་རྗེ་བཙུན་བློ་གསལ་རྒྱ་མཚོས་མཛད་པའི་མགོན་པོའི་ཆོས་སྐོར་བྱུང་