R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡༡ན
[A:༢༡༡ན] ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་སེམས་དཔའ་དང་རྣམ་དབྱེར་མེད་པའི་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། སྤྲུལ་པའི་སྐུ་ལོ་ནས་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ། ཉམས་དང་རྟོགས་པའི་མངའ་བདག་ཆོས་ཀྱི་རྗེ་དབང་ཕྱུག་རབ་བརྟན། མཁས་ཤིང་བཙུན་པའི་ཡོན་ཏན་གཞལ་དུ་མེད་པ་མངའ་བ་རྗེ་ནགས་དགོན་པ་ཆེན་པོ་སྦྱིན་པ་གྲགས་པ། ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ་མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པ་ལ་སོགས་ཏེ་ཡོངས་འཛིན་བསླུ་མེད་དམ་པ་དུ་མའི་ཞབས་སེན་རིན་པོ་ཆེ་དབང་གི་རྒྱལ་པོ་སྤྱི་བོའི་རྒྱན་དུ་བཀོད་ཅིང་། གསུང་གི་བདུད་རྩིའི་སྐལ་བ་བཟང་པོར་གྱུར་པ་ཤྲཱི་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་པཎྜི་ཏ་
མཁས་པ་
སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། ས་སྐྱ་པའི་བཀའ་སྲུང་ཁྱད་པར་ཅན་འདི་དག་གི་མན་ངག་གི་ཆོས་ཚུལ་