R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡༢ན
[A:༢༡༢ན] ཚུལ་མན་ངག་གི་ཁོག་ཕུབ་རྣམ་བཤད། སྙན་བརྒྱུད་རིན་ཆེན་ལྡེ་མིག་དང་། སྙན་བརྒྱུད་རོལ་མཚོ་སྟེ་གསུང་རྩོམ་འཕྲོ་ཅན་དེ་གཉིས་ལ་གཙོ་བོར་བརྟེན་ཞིང་། གཞན་ཡང་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་དྲི་མ་མེད་པ་ལ་བརྟེན་ནས། འཇམ་མགོན་གྲུབ་པའི་ཁྱུ་མཆོག་བསོད་ནམས་དབང་པོས་མཛད་པའི་འདི་སྐོར་ལ་མཁོ་བའི་གསུང་རབ་འགའ་ཞིག་དང་། ཡབ་རྗེ་སྦས་པའི་རྣལ་འབྱོར་སངས་རྒྱས་མི་གཟུགས་ཅན་གྲགས་པའི་མཚན་ཅན། དེ་ཉིད་ཀྱིས་མཛད་པའི་བསེ་འབག་ནག་པོ་འཕུར་ཤེས་ཀྱི་ལོ་རྒྱུས་ཀྱི་ཡི་གེ མཁན་ཆེན་ཐམས་ཅད་མཁྱེན་པ་སོགས་ཀྱིས་མཛད་པའི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་གྱི་དོན་འགྲེལ་བླ་མའི་གསུང་རྒྱུན་མ་སོགས་ཚད་ཐུབ་ཀྱི་ཡིག་ཆ་དུ་མ་ལ་གཞི་བྱས་ཤིང་། དངོས་བརྒྱུད་ཀྱི་བླ་མ་རྣམས་ཀྱི་གསུང་རྒྱུན་ཁྱད་པར་ཅན་བློ་ལ་ཟིན་པ་རྣམས་ཀྱིས་ཀྱང་མཛེས་པར་བྱས་ཏེ། རང་གི་བགྲང་གཞི་བཅུ་ཕྲག་བཞི་དང་ཉག་མ་ལྔར་སླེབས་པ་འཕགས་པའི་