R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༩ན
[A:༢༠༩ན] རྣམ་སྤྲུལ་བགྲང་ཡས་ཀྱིས། །གདུགས་དང་རྒྱལ་མཚན་ལ་སོགས་མཆོད་སྤྲིན་བཅས། །མིང་ནས་ལུང་སྟོན་མཁའ་སྤྱོད་འཁྲིད་པར་ངེས། །ཅི་སྟེ་ལས་ཀྱིས་མངལ་སྒོ་འགྲིམས་སྲིད་ཀྱང་། །ལུས་རྟེན་བླ་མ་ཆོས་སོགས་མཐུན་རྐྱེན་ཀུན། །བཀའ་སྲུང་རྣམས་ཀྱིས་འབད་མེད་ལེགས་བསྒྲུབས་ནས། །རིང་པོར་མི་ཐོགས་རྣམ་གྲོལ་མཆོག་ཐོབ་པས། །ལམ་བཟང་འདི་དང་མཇལ་ཀུན་སྐལ་བ་བཟང་། །དེ་ལྟར་བརྟན་གཡོ་ཀུན་ཁྱབ་སྲུང་མའི་གཙོ། །དཔལ་ལྡན་གུར་གྱི་མགོན་པོ་ལྕམ་དྲལ་དང་། །མཐུ་ལྡན་གཉན་གྱི་མགོན་པོ་གདོང་བཞི་པ། །བསྟན་དགྲའི་སྲོག་བདག་ལས་མཁན་ཕོ་ཉར་བཅས། །ཨུ་རྒྱན་མཁའ་འགྲོའི་གླིང་གི་ནོར་སྐྱོང་ཟུང་། །དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་དཀར་མོ་དང་། །བདུད་ཀྱི་རྒྱལ་པོ་དམ་ཅན་བཅུ་གཉིས་སོགས། །བསྟན་སྲུང་དབང་པོ་རྣམས་ཀྱི་ཟབ་རྒྱས་ཀྱི། །ཆོས་ཚུལ་སྔོན་ཚེ་རྒྱ་གར་འཕགས་ཡུལ་དང་། །ཕྱིས་