R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠བ
[A:༤༠བ] བྱ་དེ་མོ་ནག་མོ་སྤྱི་བོ་ན་རིན་པོ་ཆེ་ཡོད་པ་ཞིག་ཁོལ་མོ་ལ་ནོར་དུ་བྱིན། ལྷ་མོ་དཔོན་གཡོག་གཉིས་འཁོར་ལོས་བསྒྱུར་བའི་རྒྱལ་པོས་བྱིན་པའི་རྨ་བྱ་དང་། དེ་མོ་ནག་མོ་གཉིས་ལ་གཏན་གྱི་ནོར་སྐལ་དུ་བྱེད་ཅིང་ཆགས་སོ། །དེ་ནས་དུར་ཁྲོད་རོ་ཐང་ནག་པོའི་དབུས་མ་རུ་རྩེའི་སྒོ་འགྲམ་དུ་དཔལ་ལྷ་མོ་དཔོན་གཡོག་གིས་དཔལ་ཁྲག་འཐུང་ཧེ་རུ་ཀའི་དངོས་གྲུབ་བསྒྲུབས་པས་དཔལ་ཆེན་པོའི་ཞལ་མཐོང་དབང་བསྐུར་རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་འཁོར་དུ་བསྐོས། པདྨ་གར་གྱི་དབང་ཕྱུག་གི་སྤྲུལ་པ་དང་ཡང་སྤྲུལ་དུ་ལུང་བསྟན། ཇོ་མོའི་མིང་ནི་དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི་དུར་ཁྲོད་ཀྱི་བདག་མོ་ཞེས་བྱ་བར་བཏགས། ཁོལ་མོའི་མིང་ནི་གནོད་སྦྱིན་ཤན་པ་ནག་མོ་རེ་མ་ཏིར་བཏགས། ལྷ་མོ་དཔོན་གཡོག་གིས་ཀྱང་སྲོག་གི་སྙིང་པོ་ཕུལ་ཞིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་རི་བོ་མ་ལ་ཡའི་རྩེ་མོར་ལྷ་མོ་དཔོན་གཡོག་གིས་དཔལ་ཕྱག་ན་རྡོ་རྗེ་བསྒྲུབས་པས་