R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༩ན
[A:༡༩༩ན] བྱིན་རླབས་དབང་བསྐུར་གྱིས། ཚོགས་ཀྱིས། སྔགས་པ་ནང་འཁྲུག་གིས། འགོ་བའི་ལྷའི། འབྱུང་བའི་ཁ་སྦྱོར་དབྱེ་བ། སྲོག་གིས་ཁ་སྦྱོར་དབྱེ་བའོ། །གཉིས་པ་ལ་བཞི་སྟེ། འཁུ་ལྡོག་འབྱུང་བའི་རྒྱུ། བྱུང་བའི་རྟགས། བྱུང་བའི་ཉེས་དམིགས། མི་འབྱུང་བའི་ཐབས་སོ། །ཕྱི་མ་འདི་ལ་བཞི་སྟེ། ཕྱི་རོལ་ལྷ་སོགས་གནད་དྲུག་གི་མན་ངག་ལ་བརྟེན་ནས། འཁུ་ལྡོག་སྤངས་ཏེ་གྲོགས་ལྟར་དུ་འཁོལ་བ། ནང་སྔགས་ཚོགས་ལྷ་དྲུག་གི་མན་ངག་ལ་བརྟེན་ནས་བཟློག་རྡུགས་ལྡང་སོགས་ཀྱི་སྐྱོན་དྲུག་སྤངས་ཏེ་འཁོར་འབངས་ལྟར་འཁོལ་བ། གསང་བ་སེམས་ཀྱི་གནད་ལྔ་ལ་བརྟེན་ནས་བཟློག་རྡུགས་ལྡང་སོགས་སྐྱོན་དྲུག་སྤངས་ཏེ། ཇི་ལྟར་བཅོལ་བའི་ལས་ཐམས་ཅད་སྒྲུབ་པའི་བྲན་གཡོག་ལྟར་འཁོལ་བ། བསྒྲུབས་ཀྱང་རྟགས་མེད་ན་ཇི་ལྟར་བྱའོ། །དང་པོ་ལ་དྲུག་སྟེ། སྒྲུབ་པའི་བཅའ་ཐབས་