R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༥བ
[A:༡༩༥བ] སྣོམས་ལ་དགྲ་བོ་བསད་པའི་ལས་གྱིས་ཤིག ཅེས་པའི་དོན་ཡིན་ཞིང་། ས་སྐྱ་ལ་སོགས་པ་མགོན་པོ་བཞུགས་པའི་ཕྱོགས་ལ་དམིགས་ནས་འབུལ་བ་ནི་མགྲོན་བཞུགས་པའི་ཕྱོགས་སུ་དམིགས་ནས་འབུལ་བས་ཐུགས་མཉེས་པར་བྱེད་པའི་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན་ནོ་ཞེས་བརྒྱུད་ལྡན་གྱི་བླ་མ་རྣམས་གསུངས་སོ། །དེ་དག་གིས་ནི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། ཆོས་རྗེ་བླ་མའི་ཀྱཻ་རྡོར་མངོན་རྟོགས་སོགས། །ཡིག་ཆ་ཕལ་ལས་མགྲོན་གཤེགས་སྤྱི་བཏབ་བྱེ། །གཞན་དག་དེ་ཡི་གོང་དུ་བྱེད་པར་སྣང་། །འདི་ཉིད་འབུལ་ཡུལ་ཕྱིར་འབུལ་དགོས་པ་གང་། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །དེ་ལྟར་གཏོར་མའི་རིམ་པ་འཕྲོས་དོན་དང་བཅས་པ་བཤད་ཟིན་ནས། གསུམ་པ་མཆོད་པའི་རྣམ་གཞག་ལ་གསུམ་སྟེ། ལས་འཇམ་པོ་གསུམ་གྱི་མཆོད་པ། དྲག་པོའི་མཆོད་པའོ། །དེ་རེ་རེ་ལའང་