R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩བ
[A:༣༩བ]རི་དང་། རེ་ཤ་ཁ་ད་ཡང་བསྒྲལ་ནས། བྲམ་ཟེ་མཆོག་སྲེད་ཀྱིས་ཀྱང་རང་གི་དངོས་གྲུབ་ཐོབ་པར་བྱས་སོ། །བདུད་ཀྱི་ཁྲམ་བམ་ནག་པོ་ཡང་ཕྲོགས་ནས་བོང་བུའི་སྔ་ཤ་ལ་བཏགས། སའི་ལྷ་མོ་བརྟན་མས་རྣ་གྲུ་མཆེད་བརྒྱད་འབངས་སུ་ཕུལ། དེར་ལྷ་མོ་ནག་མོ་དཔོན་གཡོག་གིས་སྔོན་སྲིན་པོ་དང་འཁོན་པའི་དབང་གིས་སྲིན་པོའི་ཡུལ་དུ་དམག་དྲངས་ནས། སྲིན་པོ་རཀྵ་ཁོ་རེ་རལ་གྲི་བརྒྱབ་ནས་བསད། སྲིན་པོའི་ཡ་འགལ་ལ་བོང་སྒའི་སྔ་རུ་བྱས། མ་འགལ་ལ་ཕྱི་རུ་བྱས། རྒྱུ་མས་མཐུར་སྲབ་བྱས། སྲིན་པོའི་སྐེ་རགས་སྦྲུལ་གྱི་ཞགས་པས་སྐེ་རགས་དང་གོང་རྨེད་བྱས། སྲིན་པོའི་བཞོན་པ་བ་ལང་དམར་པོའི་པགས་པ་བཤུས་ནས་འདོམ་ཕྱེད་དཀྲིས། སྲིན་པོའི་གོས་རེ་ལྡེ་ནག་པོ་བཤུས་ནས་འདོམ་ཕྱེད་དཀྲིས་ཏེ་གྱོན་ནོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཔལ་རྟ་མགྲིན་དུ་སྤྲུལ་བའི་སྒྲུབ་པ་བྱས་པས་རྟ་མགྲིན་གྱི་ཞལ་མཐོང་ཞིང་གསང་བའི་གཟུངས་མ་བྱས་ཏེ་རྗེ་མོའི་