R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩ན
[A:༣༩ན]ཨེ་ཀ་ཛ་ཊི་རལ་གཅིག་མ་སྒྲུབ་བོ་ཟེར་བས། ལྷ་མོ་དུང་སྐྱོང་མ་ན་རེ། ངེད་དཔོན་གཡོག་ཀྱང་སྒྲུབ་པ་བྱས་ན་ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་པས། བྲམ་ཟེ་ན་རེ། ཁྱེད་གཉིས་ཅི་འདོད་པ་ཡིན་ཟེར་བ་ལས། ལྷ་མོས་ངེད་གཉིས་འདོད་ཁམས་ཀྱི་དབང་མོ་ཆེར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དངོས་གྲུབ་འདོད་བྱས་པས། འོ་ན་བསྒྲུབ་པར་བྱའོ་ཟེར་ནས་བྲམ་ཟེ་དང་ལྷ་མོ་དཔོན་གཡོག་གིས་ལྷན་ཅིག་སྒྲུབ་པ་བྱས་པས་ཡུམ་ཨེ་ཀ་ཛ་ཊིའི་ཞལ་མཐོང་ཞིང་གྲུབ་པ་ཐོབ། ཨེ་ཀ་ཛ་ཊིས་ལྷ་མོ་དུང་སྐྱོང་མའི་མིང་ནི་དཔལ་ལྷ་མོ་མཧཱ་ཀཱ་ལིར་བཏགས། ཁོལ་མོའི་མིང་ནི་ཡཀྵ་རེ་མ་ཏིར་བཏགས་ནས་འདོད་ཁམས་འདུལ་བའི་མཐུ་མོ་ཆེར་དབང་བསྐུར། ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བའི་གཉེར་གཏད། ལྷ་མོ་དཔོན་གཡོག་གིས་ཀྱང་རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས། བདུད་ལམ་ལྔ་གེའུ་