R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༢ན
[A:༡༨༢ན] པ་ནི། ཐུན་བཞི་ལ་སོགས་པར་གསར་དུ་བཅས་ཤིང་ཐུན་རེའི་མཐར་འབུལ་བའོ། །འདི་ལ་མིང་གི་རྣམ་གྲངས་ཐུན་གཏོར། མགྱོགས་གཏོར། ལས་གཏོར། འཕྲལ་གཏོར་རྣམས་སོ། །འདི་ལ་རྣམ་གྲངས་ཀྱི་སྒོ་ནས་དབྱེ་ན། དམ་རྫས་རྒྱན་གྱི་གཏོར་མ། དཔལ་གྱི་ཞལ་ཟས། འཛམ་བུ་ཏྲི་པའི་ཞལ་ཟས། དམར་ཆེན་བཤོས་བུ་དང་བཞིའོ། །གཞན་དམ་ཚིག་གི་རྟེན་དང་། ལས་སྒྲུབ་པའི་གཏེང་པར་འཛིན་པའི་གཏའ་གཏོར་ཞེས་པ་ཞིག་ཀྱང་བཤད་ཅིང་། འདི་རྣམས་ལ་སྣོད་དང་། རྒྱུ་དང་། དབྱིབས་དང་། ཁ་དོག་དང་། མཐེབ་ཀྱུའི་གྲངས་དང་། རྩིག་ཚུལ་དང་། གཟུངས་འཇུག་ཚུལ་དང་། རྒྱན་དང་། བསྐྱེད་ཚུལ་དང་། བྱིན་གྱིས་བརླབས་ཏེ་འབུལ་བ་དང་། མཐར་གཏོང་ཚུལ་ལ་སོགས་པ་དང་། ཞར་བྱུང་གཏོར་བསྔོས། གཏོར་སྒྲུབ། གཏོར་འབུལ་རྣམས་ཀྱི་ཁྱད་པར་ཞི་རྒྱས་དབང་དྲག་གི་མི་འདྲ་བའི་ཚུལ།