R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༡བ
[A:༡༨༡བ] ནང་རྟེན་ཚོགས་གཏོར་མཆོད་རྫས་རྣམས། །མཚན་ཉིད་ལྡན་པའི་བྲིས་སྐུའམ། །རྟེན་གྱི་དཀྱིལ་འཁོར་དྲུང་དུ་བཤམས། །མཁས་ཤིང་བརྩོན་འགྲུས་ལྡན་པས་བཅའ། །གྲི་སྙིང་ལ་བརྟེན་སྔགས་འཁོར་ལོ། །གསང་རྟེན་རྩ་གསུམ་འཁོར་ལོ་ལྔ། །རླུང་སྦྱོར་བླ་མ་ཡི་དམ་དང་། །ལྟ་བས་རྒྱས་བཏབ་དེ་ཁོ་ན། །ཞེས་གསུངས་པ་ལྟར་ཡིན་ཞིང་། ལག་ཏུ་བླང་བའི་རིམ་པ་འདི་རྣམས་རེ་རེ་ལའང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཅའ་ཚུལ་རེ་རེ་སོ་སོར་ཡོད་པས་གོང་མའི་མན་ངག་དང་བླ་མའི་སྙན་བརྒྱུད་ལས་ཤེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། རྟག་གཏོར་དང་། འཛིན་གཏོར་དང་། རྒྱུན་གཏོར་རོ། །དང་པོ་ནི་དུས་རྟག་ཏུ་འཇོག་པའི་གཏོར་མ་ལྷར་བསྐྱེད་པའོ། །གཉིས་པ་ནི། ལོ་ཟླ་བའི་བར་དུས་གསུམ་དུ་འབུལ་ཞིང་། ཉི་ཤུ་དགུ་ལྟ་བུ་ལ་ཕུལ་ནས་གསར་པ་བཅའ་བའོ། །འདི་ལ་བརྟེན་གཏོར་ཡང་ཟེར། གསུམ་