R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༦ན
[A:༣༦ན]བམ་ནག་པོ་དེ་བརྐུས་ནས་ལག་པ་གཡས་སུ་ཐོགས། མའི་མཚོན་གྱི་གྲུ་གུ་སྔོ་དམར་དེ་བརྐུས་དེ་ལག་པ་གཡོན་དུ་ཐོགས་ནས་ནམ་ཕར་ཕྱེར་ཚུལ་ཕྱེར་ན་ལུས་གཅེར་བུ་བྱས་ཏེ་བྲོས་ཕྱིན་པས། ལམ་ན་ཁྱིམ་བདག་རབ་སྦྱིན་གསལ་གྱི་བ་ལང་རྫི་མོ་དམངས་རིགས་བྱ་ཧ་མོ་ཞེས་བྱ་བ་དེ་རེ་ལྡེ་ནག་གཅིག་གོན་ནས་རི་ལ་འདུག་པ་དང་འཕྲད་ནས་བསད་དེ། ཤ་ཟོས། ལྤགས་པ་སྐེད་ལ་དཀྲིས། དེའི་གོས་རེ་ལྡེ་བཤུས་པ་གྱོན་ནས་ཕྱིན་ཙ་ན་ལམ་ཁར་སྲིན་པོ་བུམ་སྣ་ཤི་པའི་བམ་གྱི་ཁྲག་ནད་ཀྱི་རྫིང་བུ་གཅིག་ཡོད་པའི་ཁར་ཕྱིན་པ་ལས། བདུད་མོ་རེ་མ་ཏི་སྐོམ་ནས་ཁྲག་དེ་ནས་འཐུངས་པས་ཁ་རླངས་ནད་དུ་སོང་ནས་མོའི་ཁ་རླངས་གང་ཕོག་པར་རིམས་ནད་བྱུང་ངོ་། །དེར་བདུད་མོ་རང་ཡང་ངོ་མཚར་སྐྱེས་ནས་སྔར་དམངས་རིགས་མོ་བསད་པའི་བླུད་བུ་སྐེད་ལ་བཀྲོལ་ཏེ་ནང་དུ་ནད་ཀྱི་རྫིང་བུ་ནས་བླུགས་ཏེ་བཀང་ཁ་སྦྲུལ་གྱིས་བཅིངས་ཏེ་མཆན་ཁུང་གཡོན་