R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༧ན
[A:༡༤༧ན]ཆེན་དབང་ཕྱུག་སེང་གེ ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང་། དེ་མན་ཆད་གོང་གི་བརྒྱུད་ཚུལ་དང་འདྲའོ། །སྐབས་འདིར་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དཀྱིལ་ཆོག་ལས། འདི་ལ་དབང་བཞི་རྫོགས་ཀྱི་ཟིན་བྲིས་གཅིག་འདུག་ནའང་། ཁོ་བོས་མ་ཐོབ་ཅིང་། རྒྱ་གཞུང་མ་མཐོང་བས་ཡི་གེར་བཀོད་མ་ནུས་སོ་ཞེས་གསུངས་པའི་དོན་ནི། བླ་མ་རིན་ཆེན་རྡོ་རྗེ་པ་ལ་རྒྱ་གཞུང་ལུགས་ཀྱི་དབང་ཐུན་མོང་བ་རྣམས་ལས་མ་གསན། དེ་མཚམས་སུ་དཀྱིལ་ཆོག་འདི་ཐུགས་རྩོམ་གནང་། ཕྱིས་སུ་མཁན་ཆེན་བྱང་སེང་བ་ལ་སྙན་བརྒྱུད་ལུགས་ཀྱི་དབང་བཞི་ཡོངས་རྫོགས་གསན་པ་ཡིན་པས། རྒྱུས་མེད་ཀྱི་ལོག་རྟོག་མི་བྱའོ། །དོན་གྱི་དབང་དེ་དག་ལ་དགོངས་ནས། རྗེ་ཚར་ཆེན་གྱི་མགོན་པོའི་དྲི་བ་ལྷག་བསམ་རབ་དཀར་ལས། སྙན་བརྒྱུད་དང་པོ་བྱིན་རླབས་ཆུ་བོའི་སྐབས། །