R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༦བ
[A:༡༤༦བ]གྲུབ་སོགས་ལས་བརྒྱུད་དེ་ད་ལྟ་མ་ཆད་པ་བཞུགས་སོ། །ཡང་གུར་གྱི་མགོན་པོ་ལྷ་ལྔ་མ་འམ་ལྷ་བརྒྱད་མའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་དབང་གོང་མ་གསུམ་སིནྡྷུ་ར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞལ་ནས་སྙན་དུ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་དབང་གི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་ཌཱ་ཀི་མ། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷུ་ཏི། ཕུན་ཚོགས་བྱེད་པ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷཱ་ར། བླ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས། སེ་སྟོན་ཀུན་རིག ཞང་སྟོན་ཆོས་འབར། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། ཤར་པ་ཤེས་རབ་འབྱུང་གནས། གཅུང་རྡོ་རྗེ་འོད་ཟེར། དམ་པ་ཀུན་དགའ་གྲགས། རོང་མི་ཡེ་ཤེས། པྲེ་བོ་རྡོ་རྗེ་གྲགས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ་བ། བླ་མ་ངག་དབང་པ། མཁན་