R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༧བ
[A:༡༤༧བ]ཐེག་ཆེན་ཆོས་རྗེ་མན་ཆད་ཡིག་ཆ་དང་། །ཕྱག་ལེན་ལྷ་བརྒྱད་བཅུ་གཉིས་བཅུ་བདུན་ལ། །དཀྱིལ་འཁོར་ལ་བརྟེན་དབང་རྫོགས་མཛད་འདུག་པ། །དེ་ཡན་རྗེ་བཙུན་གོང་མའི་ཡིག་ཆ་དང་། །གསན་ཡིག་སོགས་སུ་གསལ་བ་ཇི་ལྟར་གཟིགས། །ཁྱད་པར་སིནྡྷུར་ལ་བརྟེན་གོང་མ་གསུམ། །བསྐུར་བའི་བརྒྱུད་པ་ད་ལྟ་སུ་ལ་མཆིས། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ལ། ཡང་བཅུ་བདུན་མའི་དབང་དང་། གཅེར་བུ་དང་། བྲན་བདུད་ཀྱི་རྗེས་གནང་གྱི་ལྗང་གི་ལུགས་ཡིན་པར་གྲགས་ཤིང་། དོན་ལ་ཡང་དེ་ནས་བརྒྱུད་པ་ཡོད་པ་ལ། བརྒྱུད་པ་གྱི་ལྗང་ནས་འདྲེན་ཚུལ་ཡོད་མེད་ཅི་རིགས་འདུག་པས། གཞན་དག་ལ་ཅི་འདྲ་ཡོད་དམ་སྙམ་དུ་དགོངས་ནས་ཡང་དྲི་བ་ལྷག་བསམ་རབ་དཀར་ལས། འདི་ཡི་བཅུ་བདུན་གཤིན་རྗེས་བསྐོར་བ་དང་། །ལས་ཀྱི་མགོན་པོ་ཟངས་གྲི་རྣམ་གཉིས་ཀྱི། །རྗེས་གནང་གྱི་ལྗང་ལུགས་ཞེས་ཁ་ཅིག་སྨྲ། །དེ་ནས་རིམ་