R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༦ན
[A:༡༤༦ན]ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་པ། མཁན་ཆེན་ནམ་མཁའ་ལྷུན་བཟང་པ། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། རིག་འཛིན་ཀུན་དགའ་རྒྱལ་པོ། དྲིན་ཅན་ཚེ་དབང་བཀྲ་ཤིས། རྗེ་ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་བོད་མཁར་བ་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་རྒྱ་མཚོ། ལོ་ནས་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ལྷ་བརྒྱད་མ་དང་བཅུ་གཉིས་མའི་བརྒྱུད་པ་ལུགས་གཅིག་ནི། འཕགས་པའི་རྗེས་སུ་དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། འགྲོ་མགོན་བསོད་ནམས། ཉི་མ་རྒྱལ་མཚན་དཔལ། ཡེ་ཤེས་དཔལ་བཟང་། བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆོས། ས་ལོ་ཐམས་ཅད་མཁྱེན་པ། རྗེ་དཀོན་མཆོག་ལྷུན་