R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༥བ
[A:༡༤༥བ]རྟེན་དང་བཅས་པ་ཐོབ་པ་ཞེས་གསུངས་པས་ན་དབང་དེ་དག་རྩོད་བྲལ་ཚད་མས་གྲུབ་པ་ཡིན་ནོ། །དེས་ན་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ། མགོན་པོ་ལྷ་བརྒྱད། ལྷ་བཅུ་གཉིས་མ་རྣམས་ཀྱི་དབང་ཐུན་མོང་བ་རྒྱ་གཞུང་ལུགས། རིག་པའི་དབང་ལྔ། སྐུ་གསུང་ཐུགས་ཀྱི་རྗེས་གནང་། སྔགས་ཀྱི་བཟླས་ལུང་གཏོར་དབང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར། སློབ་དཔོན་བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཤྲཱ་དྷ་ཀཱ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། བཀྲས་ལུང་པ་ནམ་མཁའ་བསོད་ནམས། དགེ་སྡིང་པ་ཆེན་པོ། སངས་རྒྱས་དཔལ། རིན་ཆེན་གླིང་པ། བླ་མ་རིན་ཆེན་རྡོ་རྗེ་པ། ཐེག་ཆེན་