R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༢ན
[A:༡༤༢ན]དང་། །ཨ་སེང་ཞབས་ལ་གཏུགས་ནས་ས་ལུགས་ཀྱི། །ཆོས་སྐོར་མང་གསན་དེ་ཡི་རྒྱུད་འཛིན་ལ། །ཞང་གི་བཀའ་བརྒྱུད་ཅེས་གྲགས་འདི་རྣམས་ཀྱང་། །ས་སྐྱའི་རྒྱུད་འཛིན་ཡིན་ལ་སུ་ཡིས་བསྙོན། །ཕྱིས་སུ་བྱུང་བ་བོ་དོང་པར་གྲགས་པའི། །རྩ་བ་གཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཞེས། །ཆོས་རྒྱལ་འཕགས་པའི་ཐུགས་ཀྱི་སྲས་མཆོག་ཡིན། །དེ་ཡི་གཅུང་པོ་གཤོང་སྟོན་བློ་བརྟན་དང་། །དཔང་ལོ་ཆེན་པོ་བློ་གྲོས་བརྟན་པའི་ཞབས། །དེ་ཡི་དབོན་པོ་ལོ་ཆེན་བྱང་རྩེ་ནི། །དཔལ་ལྡན་བླ་མ་དམ་པའི་དངོས་སློབ་མཆོག །ཡིན་ཞིང་ལོ་ཆེན་བྱང་རྩེའི་དབོན་རྒྱུད་ནི། །ལོ་ཆེན་གྲགས་པ་ཞེས་བྱ་དེ་ཉིད་བྱོན། །དེ་ཡི་དབོན་པོ་བོ་དོང་ཀ་བཅུ་པ། །ཆོས་ཀྱི་རྒྱལ་མཚན་དངོས་ཀྱི་མཚན་ཡིན་ཏེ། །སྟོན་མིང་ཕྱོགས་ལས་རྣམ་རྒྱལ་ཞེས་གྲགས་པ། །འདི་དག་ཀྱང་ནི་དཔལ་ལྡན་ས་སྐྱ་པའི། །བསྟན་འཛིན་དགེ་བའི་བཤེས་གཉེན་ངོ་མཚར་ཅན། །ཁོ་ན་ཡིན་ཞིང་དེ་ཡི་རྒྱུད་