R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༡བ
[A:༡༤༡བ] །གཞན་ཡང་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་རམ། །ཤང་པ་དུ་ཁུ་བ་ཞེས་བྱ་བ་དེས། །ལེགས་པར་ཕྱེ་བའི་ཤངས་པ་བཀའ་བརྒྱུད་པ། །ཞེས་གྲགས་ལུགས་སྲོལ་བཟང་པོ་འདི་ཉིད་ལ། །རྒྱུད་པ་རིན་ཆེན་སྣ་བདུན་བྱུང་བ་ལས། །དེ་ཡི་རྒྱུད་པ་བཞི་པ་རྨོག་ཅོག་པ། །རིན་ཆེན་བརྩོན་འགྲུས་ཞེས་བྱ་ས་ཆེན་གྱི། །དངོས་སློབ་ཨ་སེང་ཞབས་ལས་ས་ལུགས་ཀྱི། །གདམས་པ་མང་དུ་ནོས་ཤིང་དེ་ཉིད་ཀྱི། །རྒྱུད་པ་དྲུག་པར་གྱུར་པ་གཉན་སྟོན་ཆེ། །སྦས་པའི་སངས་རྒྱས་ཞེས་བྱས་དཔལ་ས་སྐྱར། །རྗེ་བཙུན་གྲགས་པའི་ཞབས་པད་ལོ་བཅུ་གཉིས། །བསྟེན་དེ་རྒྱུད་དང་མན་ངག་ཕལ་ཆེར་གསན། །རྒྱུད་པ་བདུན་པ་འགྲོ་བའི་མགོན་པོ་མཆོག །སངས་རྒྱས་སྟོན་པས་ཆོས་རྒྱལ་འཕགས་པ་ལ། །སྨིན་གྲོལ་ཞལ་གྱི་བདུད་རྩི་མང་ནོས་པས། །འདི་དག་ཀྱང་ནི་རྗེ་བཙུན་ས་སྐྱ་པའི། །སློབ་རྒྱུན་ཡིན་ཞིང་ཞང་སྟོན་གཡུ་བྲག་པར། །གྲགས་པས་ས་སྐྱའི་བླ་ཆེན་སྐུ་དངོས་ཀྱི། །སློབ་མ་ཤན་པ་རྡོར་སེང་ཞེས་བྱ་