R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༩ན
[A:༡༣༩ན]སློབ་མ་ཞིག་ལ་མ་འོངས་པ་འབྱུང་ཚུལ་ལུང་བསྟན་པ་བཞིན་ཐོག་ཏུ་ཁེལ་བ་བྱུང་གསུངས་ཤིང་། ཡང་སྔ་མོའི་དུས་ཕྲུ་མ་བསྒྲུབ་གནས་སུ་ཐུགས་དམ་ཡུན་རིང་མཛད་དུས་གཉན་མགོན་ཞལ་བཞི་པ་ཁོ་བོ་ཅག་གི་ཡབ་རྗེ་གྲགས་པའི་མཚན་ཅན་དེ་ཉིད་ཀྱི་རྣམ་པས། ཆུ་སྣོད་ཆེན་པོ་ཆབ་ཀྱིས་བཀང་བ་ཕྱག་ན་བསྣམས་ནས་འབྱོན་པ་སོགས་བྱུང་གསུངས་པ་ནི། རྗེ་ཉིད་ལ་ཞིང་སྐྱོང་ཆེན་པོས་ཚེ་ཆུའི་དངོས་གྲུབ་ཕུལ་བས་སྐུ་ཚེ་རིང་བའི་མཐར་ཐུག་པའི་རྟེན་འབྲེལ་དེ་དུས་ནས་འགྲིག་པའི་དགེ་མཚན་རྨད་དུ་བྱུང་བ་ཡིན་པར་ཁོ་བོ་སེམས་ལ། ཡང་ལྷ་སར་ཞབས་སྐོར་འབུམ་ཐེར་མཛད་དུས་མནལ་ལམ་དུ་གསེར་མདོག་ཅན་པའི་མཁན་ཆེན་ཤཱཀྱ་བསྟན་འཛིན་པ་དང་རྗེ་ཉིད་ལྷན་ཅིག་པས་རི་མཐོན་པོ་ཞིག་ལ་འཛེགས་བྱོན་པའི་མོད་ལ། ལུང་བསྟན་ཁྱད་པར་ཅན་ཞིག་བརྙེས་འདུག་ཀྱང་འདིར་བྲི་བར་མ་ནུས་ལ། ཡང་ལན་ཅིག་མནལ་ལམ་དུ་དཔལ་ལྡན་བླ་མ་དམ་པ་དང་མཇལ་བ་སོགས་ངོ་