R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༥བ
[A:༡༣༥བ]གཡག་པ་ཁྲི་སྟེང་དུ་ཕེབས་པ་དང་། རང་ཉིད་ཆོས་རའི་ཕྱོགས་ཀྱང་འདི་ཕྱོགས་སུ་བཞུགས་པ་སོགས་ཐུགས་ལ་གསལ་བར་ཤར་ཞིང་། ཡང་དེའི་རྗེས་སུ་རྡོ་རྗེ་འཛིན་པ་ཆེན་པོ་སྦས་པའི་རྣལ་འབྱོར་ཞིག་ཏུ་སྐུ་སྐྱེ་བ་བཞེས་ཏེ། དེ་དུས་གཡས་རུ་བྱང་གི་ལྡོག་གི་ས་ཆ་ཞིག་ཏུ་ཆོས་རྗེ་རྫོང་པ་ཀུན་དགའ་རྒྱལ་མཚན་ལ་གཤེད་དམར་ལྷ་ལྔའི་དབང་གསན་ཏེ། དབང་གྲལ་གྱི་རྣམ་པ་འདི་བཞིན་ཡོད་སོགས་ཤིན་ཏུ་གསལ་བར་དྲན་པ་བྱུང་གསུངས་ཏེ། དེས་མཚོན་ནས་སྐུའི་སྐྱེ་བ་མང་པོར་མཁས་གྲུབ་དུ་མའི་ཚུལ་བཟུང་ནས་བསྟན་འགྲོའི་དོན་མཐའ་ཡས་པ་ཞིག་མཛད་པར་གདོན་མི་ཟ་ཞིང་། སྐུ་ཚེ་འདིར་ཡང་ཆོས་གསན་པའི་རྗེ་བླ་མ་རྣམས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་མངའ་བ་ནི། གྲུབ་མཆོག་བསོད་ནམས་ཆོས་འཕེལ་གྱི་དྲུང་དུ་འཇིགས་བྱེད་ཀྱི་ར་ཁྲིད་གསན་པའི་ཚེ། བླ་མ་འཇམ་དབྱངས་སུ་བསྒོམས་ནས་གསོལ་བ་བཏབ་པས། གསུང་རབ་ཀྱི་དོན་ལ་གོ་བློ་ཁྱད་པར་ཅན་ཞིག་དེ་དུས་ན་བྱུང་བ་ཡིན་