R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༤ན
[A:༡༣༤ན]པའི་དོན་དུ་ལྷ་མཆོག་འཇམ་པའི་དབྱངས་སམ་ས་སྐྱ་པའི་རྗེ་བཙུན་གོང་མ་གཅིག་གི་ངོ་བོར་བཞུགས་པ་གདོན་མི་ཟ་ཡང་། གདུལ་བྱའི་སྣང་ངོ་ཙམ་དུ་སྟོན་པར་མཛད་པ་ནི་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ཤིང་། མཁས་གྲུབ་ཀྱི་བླ་མ་དུ་མས་རྗེས་སུ་བཟུང་བས་གསན་པ་རྒྱ་མཚོའི་ཕ་མཐར་སོན་ཅིང་། མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་ཤེས་བྱའི་ཡུལ་མཐའ་དག་ལ་བསླབས་སྦྱངས་མཐར་ཕྱིན་པ་མཛད་པས། འཆད་རྩོད་རྩོམ་གསུམ་གང་མཛད་ཀྱང་ཐོགས་མེད་ཀྱི་མཁྱེན་རབ་མངའ་བས་བསྟན་པ་མ་ལུས་ཡོངས་རྫོགས་ཀྱི་གསལ་བྱེད་མཆོག་ཏུ་གྱུར་ཅིང་། རྒྱུན་དུ་བསྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བས། སོ་སོའི་རྒྱུད་དང་མན་ངག་ནས་བཤད་པའི་ཉམས་རྟོགས་ཐམས་ཅད་ཐུགས་ལ་འཁྲུངས་པས་གཞན་གྱི་གེགས་སེལ་བ་དང་། ཏིང་ངེ་འཛིན་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་བོགས་འབྱིན་པ་སོགས་ལ་བྱིན་རླབས་ཀྱི་རྒྱུན་གཞན་ལས་ཆེས་ཆེ་བ་མངའ་