R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༣ན
[A:༡༣༣ན] དེའི་བླ་མ་རྣམས་ཀྱང་ཞིང་འདི་དང་འདི་ན་བཞུགས་པའི་ལོ་རྒྱུས་སོགས་དང་། གཞན་ཡང་ལུང་བསྟན་ངོ་མཚར་ཅན་མང་དུ་བརྙེས་འདུག་ཅིང་། ཡང་སྐབས་དེར་སྒོ་རུམ་དུ་གུར་གྱི་མགོན་པོ་ལྷ་ལྔའི་དབང་བཞི་ཡོངས་རྫོགས་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ་ཐུན་མོང་མ་ཡིན་པ་དེ་གནང་བའི་ཚེ། གཏོར་དབང་བཀའ་བསྒོ་མཛད་པ་ན། བསེ་མགོན་ཆེན་པོའི་ཕྱག་གཡས་པ་དང་། ཁོ་བོའི་ལག་པ་སྦྲེལ་གསུངས་ནས་དེ་བཞིན་དུ་བྱས་པ་ལ། རྗེ་ཉིད་བསྐྱེད་རིམ་ཤིན་ཏུ་གསལ་བའི་ངང་ནས་སྤྱན་གཉིས་ཉི་ཟླ་ལྟ་བུའི་མིག་གིས་འཆམ་མགོན་དང་བདག་ཅག་ལ་ཡང་ཡང་གཟིགས་ཤིང་། བསྟན་པར་དགོངས་པའི་ཐུགས་བསྐྱེད་དྲག་པོ་དང་བཅས་གསུང་ཤུགས་མཐོན་པོས་བླ་མ་བརྒྱུད་པ་ལུགས་སྲོལ་མང་པོའི་མཚན་ནས་བརྗོད་ཅིང་བཀའ་བསྒོ་དྲག་ཏུ་